རྒྱལ་སྤྱིའི་མགོ་གཙོས་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་གི་དྲན་གསོ་བྱ་འགུལ་ལ་གདེང་འཇོག་ཚད་མཐོན་པོ་བྱས།

    མཚོ་སྔོན་བོད་སྐད་རྒྱང་སྒྲོག    2015-09-07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞི་ཅིན་ཕེན་གྱིས་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་དྲན་གསོ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས་འཛམ་གླིང་ཡོངས་སུ་ཀྲུང་གོ་མི་དམངས་ཞི་བདེ་ལ་དགའ་བའི་རེ་འདུན་བཟང་བོ་དང་། ཞི་བདེ་ལ་སྲུང་སྐྱོབ་བྱེད་པའི་ཡིད་ཆེས་བརྟན་པོ་བརྒྱུད་སྤྲོད་བྱས། བསྟུད་མར་ཉིན་འགའི་རིང་ལ། དྲན་གསོ་བྱ་འགུལ་དེར་རྒྱལ་སྤྱི་རྩ་འཛུགས་དང་འཛམ་གླིང་གི་རྒྱལ་ཁབ་མང་པོའི་མགོ་གཙོ་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ། ལོ་རྒྱུས་ཡིད་ལ་དམ་པོར་བཅངས་པ་དང་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་སྔར་ལས་བཟང་བའི་མ་འོང་བ་གསར་གཏོད་བྱེད་རྒྱུ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བརྗོད་གཞི་གཙོ་བོར་གྱུར་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་དྲན་གསོ་བྱ་འགུལ་ཁྲོད་ཞུགས་རྗེས་ཆེད་དུ་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པའི་བཅར་འདྲིར་དང་ལེན་བྱས། ཕན་ཅི་བུན་གྱིས་བཤད་རྒྱུར། ཀྲུང་གོས་བསྒྲུབས་པའི་ཐེངས་འདིའི་དྲན་གསོ་བྱ་འགུལ་ལ་དོན་སྙིང་གལ་ཆེན་ལྡན་ཟེར། ཁོས་ཀྲུང་གོས་ཞི་བདེའི་ཆེད་དུ་བཞག་པའི་དམ་བཅའ་ལ་ཁས་ལེན་གང་ལེགས་བྱས།

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཞི་ཉིན་ཨུ་རུ་སིའི་ཡོན་ཏུང་གྲོང་ཁྱེར་ཧྥུའུ་ལ་ཏིས་ཝོ་སི་ཐོ་ཁི་ནས་བསྡུས་པའི་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་སྟེང་བཤད་རྒྱུར། ཀྲུང་གོའི་རྒྱལ་ཁ་ཉིན་མོའི་དམག་གཟིགས་གཞི་ཁྱོན་ཆེ་ལ་དོན་སྙིང་གཏིང་ཟབ་ལྡན་པས། ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་ལོ་རྒྱུས་ཀྱི་བདེན་དོན་ལ་སྲུང་སྐྱོབ་བྱེད་པ་དང་མཉམ་དུ་རྒྱལ་ཁ་ལ་སྲུང་སྐྱོབ་བྱེད་པར་རོགས་རམ་བྱེད་ཐུབ་ཟེར།

ཨ་མེ་རི་ཁའི་སྔོན་ཆད་ཀྱི་རྒྱལ་སྲིད་བློན་ཆེན་ཅི་ཞིན་ཀི་ཡིས་གསར་འགོད་པའི་བཅར་འདྲིར་དང་ལེན་བྱེད་སྐབས་བཤད་རྒྱུར། ཐེངས་འདིའི་དམག་གཟིགས་བྱ་འགུལ་དེ་ཀྲུང་གོར་ཆ་མཚོན་ན་དམིགས་བསལ་གྱི་དོན་སྙིང་ལྡན། འཛམ་གླིང་འཁྲུག་ཆེན་གཉིས་པར་རྒྱལ་ཁ་ཐོབ་པ་ལས་ཀྲུང་གོ་ལོ་རྒྱུས་ཀྱི་དུས་རིམ་གསར་བ་ཞིག་ཏུ་བསླེབས་པ་དང་། ལོ་ངོ་བདུན་ཅུའི་རིང་ལ་ཀྲུང་གོར་གནམ་ས་བླ་འོག་བསྒྱུར་བའི་འགྱུར་ལྡོག་བྱུང་བ་མཚོན་ཡོད་ཟེར།

སེ་ཨར་བེ་ཡའི་རྒྱལ་སྲུང་པུའུ་ཀྲང་ཅ་ཞི་ཆི་ཡིས་བཤད་རྒྱུར། ཐེངས་འདིར་ཀྲུང་གོས་བསྒྲུབས་པའི་དྲན་གསོ་བྱ་འགུལ་དེ་ནི་ལོ་རྒྱུས་ཡིད་ལ་དམ་པོར་བཅངས་པ་དང་། ཞི་བདེར་རེ་འབོད་བྱེད་པའི་རྟེན་འབྲེལ་མཛད་སྒོ་གལ་ཆེན་ཞིག་ཡིན། སེ་ཨར་བེ་ཡའི་དམག་དཔུང་གདན་དྲངས་པ་ལྟར་ཐེངས་འདིའི་དམག་གཟིགས་མཛད་སྒོར་ཞུགས་ཡོད་ཟེར། 

ཕ་ཁི་སི་ཐན་གྱི་ཙུང་ལིའི་ཕྱི་དོན་དམིགས་བསལ་ལས་རོགས་པ་སེ་དབྱི་ཏེ་ཐ་ལི་ཁི་ཧྥ་ཐི་སྨིས་ཀྱིས་བཤད་རྒྱུར། འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་སུ། ཀྲུང་གོ་མི་དམངས་ཀྱིས་ཕྱི་རྒྱལ་གྱི་བཙན་འཛུལ་པར་འགོག་རྒོལ་བྱེད་པར་དཀའ་སྤྱད་འབད་འཐབ་ཆེན་པོ་བྱས་པར་མ་ཟད། དམག་མི་མང་པོས་དེའི་ཐད་ལ་རང་སྲོག་བློས་བཏང་བ་ཡིན། རྒྱལ་ཁར་དྲན་གསོ་ཞུ་དགོས་ལ། དམག་གཟིགས་བྱ་འགུལ་སྤེལ་བ་ནི་རྒྱལ་ཁ་རླབས་ཆེན་དེར་དྲན་གསོ་ཞུ་བའི་རྣམ་པ་བཟང་བོ་ཞིག་ཡིན་ཟེར།  ། 

  • ལེ་ཚན་སྔོན་མ།:ཞི་ཅིན་ཕེན་གྱིས་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ཙུའུ་མ་ལ་མཇལ་འཕྲད་གནང་།
  • ལེ་ཚན་རྗེས་མ།:ཁྲེན་ཏུའུ་རུ་བཅའ་སྡོད་བྱས་པའི་རྒྱལ་ཁབ་མང་པོའི་གཞུང་ཚབ་མི་སྣས་སི་ཁྲོན་བོད་ཁུལ་གྱི་རྫོང་དང་གྲོང་ཁྱེར་8ལ་ལྟ་སྐོར་རྟོག་ཞིབ་བྱས།
  • དོ་སྣང་ཆེ་བའི་རྩོམ།