ཉིས་སྟོང་བཅུ་དགུ་ལོའི་མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དུས་ཆེན་དང་རྒྱལ་སྤྱིའི་སྙན་ངག་པའི་སྦྲ་གུར་སྒོར་ཅོག་གྲོས་ཚོགས་གསེར་དངུལ་ཐང་ནས་བསྡུས།

        2019-08-06

     ཟླ་བརྒྱད་པའི་ཚེས་གསུམ་ཉིན། མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་པའི་དུས་ཆེན་གྱི་རྩ་འཛུགས་ཨུ་ཡོན་ལྷན་ཁང་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་། ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་ཀྱི་སྙན་ངག་དུས་དེབ་རྩོམ་སྒྲིག་ཁང་། ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་བཅས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི། ཉིས་སྟོང་བཅུ་དགུ་ལོའི་མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དུས་ཆེན་དང་རྒྱལ་སྤྱིའི་སྙན་ངག་པའི་སྦྲ་གུར་སྒོར་ཅོག་གྲོ་སོགས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གསེར་དངུལ་ཐང་ནས་གཟབ་རྒྱས་ངང་བསྡུས།

    ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཏང་ཙུའུ་ཁོངས་མི། ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཅི་ཏི་མཱ་ཅ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཧྲུའུ་ཅི་ཉི་མ་སྒྲོལ་མ་གཉིས་ཀྱིས་སོ་སོར་ཤིས་ཚིག་ཕུལ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲོན་གྱིས་སྙན་ངག་དུས་ཆེན་འགོ་བརྩམས་པ་ཁྱབ་སྒྲོག་བྱས། འཛམ་གླིང་གི་རྒྱལ་ཁབ་བཅུ་ནས་ཐོན་པའི་སྙན་ངག་པ་དང་ཀྲུང་གོའི་སྙན་ངག་པ་བརྒྱ་ལས་བརྒལ་བ་ཐེངས་འདིའི་སྙན་ངག་གི་གསོལ་སྟོན་ལ་ཞུགས།


  • ལེ་ཚན་སྔོན་མ།:​ཝང་དབྱི་ཡིས་འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ཧི་ཡེ་ཐེ་ལང་ལ་ཐུག་འཕྲད་བྱས།
  • ལེ་ཚན་རྗེས་མ།:རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱིར་སྡོད་གཞུང་ཚབ་ཆེན་མོ་བསྐོ་འཐེན་གནང་བ།
  • དོ་སྣང་ཆེ་བའི་རྩོམ།