ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧྥ་རན་སིའི་ཙུང་ཐུང་གཉིས་ཀྱིས་ཕན་ཚུན་ལ་གློག་འཕྲིན་བཏང་ནས་ཀྲུང་གོ་དང་ཧྥ་རན་སིའི་རྒྱ་མཚོའི་འཁོར་སྐར་རྒྱལ་ཁའི་ངང་བཏང་བར་རྟེན་འབྲེལ་ཞུས།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2018-11-01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གཉིས་ཀྱིས་ཟླ་བཅུ་བའི་ཚེས་ཉེར་དགུ་ཉིན་ཕན་ཚུན་ལ་གློག་འཕྲིན་བཏང་སྟེ། ཀྲུང་གོ་དང་ཧྥ་རན་སིའི་རྒྱ་མཚོའི་འཁོར་སྐར་རྒྱལ་ཁའི་ངང་བཏང་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་གློག་འཕྲིན་ནང་བསྟན་དོན། མཁའ་སྐྱོད་མཉམ་ལས་ནི་ཀྲུང་གོ་དང་ཧྥ་རན་སིའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་གཙོ་བོ་ཡིན། ཀྲུང་གོ་དང་ཧྥ་རན་སིའི་རྒྱ་མཚོའི་འཁོར་སྐར་རྒྱལ་ཁའི་ངང་བཏང་བ་དེ་ནི་རྒྱལ་ཁབ་གཉིས་ཀྱི་མཁའ་སྐྱོད་མཉམ་ལས་ཐད་ཀྱི་གྲུབ་འབྲས་ཆེས་གསར་བ་ཡིནལ། འཛམ་གླིང་ཡོངས་ཀྱི་རྒྱ་མཚོའི་ཁོར་ཡུག་ལྟ་ཞིབ་ཚད་ལེན་བྱེད་པ་དང་གནོད་འགོད་གནོད་སྐྱོབ་བྱེད་པ། ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོས་ཁྱབ་ཁོངས་ནས་ནུས་པ་གལ་ཆེན་འདོན་སྤེལ་བྱེད་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཧྥ་རན་སི་དང་མཉམ་དུ་འབད་འཐབ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཧྥ་རན་སིའི་དམ་ཞིང་ཟབ་ལ། རྒྱུན་ཡུན་རིང་བའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཆུ་ཚད་སྔར་ལས་མཐོན་པོ་རུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བདེ་སྐྱིད་སྔར་ལས་མང་པོ་སྐྲུན་འདོད་ཡོད་ཟེར།

མཱ་ཁི་ལུང་གིས་གློག་འཕྲིན་ནང་བསྟན་དོན། ཧྥ་རན་སི་དང་ཀྲུང་གོའི་རྒྱ་མཚོའི་འཁོར་སྐར་རྒྱལ་ཁའི་ངང་བཏང་བ་དེས་རྒྱལ་ཁབ་གཉིས་ཀྱི་མཁའ་སྐྱོད་མཉམ་ལས་ཐད་ནས་སྔར་ལས་འཕེལ་རྒྱས་སུ་སོང་བ་མཚོན་ཡོད། ལས་གཞི་དེའི་ཐད་རྒྱལ་ཁབ་གཉིས་ཀྱི་མཁའ་སྐྱོད་ལས་ཁུངས་དང་ཚན་རྩལ་མི་སྣས་རྔུལ་ཁྲག་མི་ཉུང་བ་བཏང་ཡོད་ལ།  དེས་ཧྥ་རན་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་ནམ་ཟླའི་འགྱུར་ལྡོག་གི་འགྲན་རྩོད་ལ་ཁ་གཏད་འཇལ་བར་སྐུལ་འདེད་གཏོང་བའི་འདོད་བློ་མཚོན་ཡོད། མཁའ་སྐྱོད་མཉམ་ལས་ནི་ཧྥ་རན་སི་དང་ཀྲུང་གོའི་འཐབ་ཇུས་མཉམ་ལས་ཀྱི་གྲུབ་ཆ་གལ་ཆེན་ཡིན་པ་དང་། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ། མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་མཁའ་སྐྱོད་དང་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།


  • ལེ་ཚན་སྔོན་མ།:ཤེས་རབ་མཚོས་ན་གཞོན་ཨོ་རྩལ་འགྲན་ཚོགས་སྟེང་གསེར་གྱི་རྟགས་མ་བླངས།
  • ལེ་ཚན་རྗེས་མ།:ཝང་ཆི་ཧྲན་གྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་འཚམས་འདྲི་མཛད།
  • དོ་སྣང་ཆེ་བའི་རྩོམ།