ལིས་ཁི་ཆང་གིས་ཨ་ཧྥུའུ་ཧན་གྱི་དབུ་བཞུགས་ལག་བསྟར་དཔོན་པོ་ཨ་པུའུ་ཏུའུ་ལ་ལ་མཇལ་འཕྲད་གནང་།

        2018-10-15

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ས་དེའི་དུས་ཚོད་ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཏུའུ་ཧྲང་པེ་ནས་ཨ་ཧྥུའུ་ཧན་གྱི་དབུ་བཞུགས་ལག་བསྟར་དཔོན་པོ་ཨ་པུའུ་ཏུའུ་ལ་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥུའུ་ཧན་གྱི་བདེ་འཇགས་གནས་བབ་ཇེ་བཟང་དུ་འགྲོ་བར་རེ་སྒུག་བྱེད་བཞིན་པ་དང་ཨ་ཧྥུའུ་ཧན་གྱི་འཕེལ་རྒྱས་ལ་ཞི་བདེ་བརྟན་འཇགས་ཁོར་ཡུག་འདོན་སྤྲོད་བྱེད་ངེས་ཡིན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཨ་ཧྥུའུ་ཧན་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་འཇགས་སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱེད་པ་དང་། ཨ་ཧྥུའུ་ཧན་མི་ཡིས་གཙོ་ཁྲིད་བྱེད་པ་དང་ཨ་ཧྥུའུ་ཧན་མི་ལ་ཡོད་ཚད་དབང་བའི་ཆབ་སྲིད་ཞི་འཇགས་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་མ་ཟད་མུ་མཐུད་དུ་དེའི་ཐད་ལ་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་ངེས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥུའུ་ཧན་ཕྱོགས་དང་མཉམ་དུ་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་མི་སྣའི་གསོ་སྐྱོང་བྱ་བར་ཤུགས་སྣོན་པར་མ་ཟད་ས་གནས་ཀྱི་ཞི་བདེ་དང་བརྟན་འཇགས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཨ་པུའུ་ཏུའུ་ལ་ཡིས་བཤད་རྒྱུར། ཀྲུང་གོ་ནི་ནམ་ཡང་ཨ་ཧྥུའུ་ཧན་མི་དམངས་ཀྱི་གྲོགས་པོ་བཟང་བོ་ཡིན་པ་དང་ཀྲུང་གོ་ཕྱོགས་ཀྱིས་ཡུན་རིང་ལ་ཨ་ཧྥུའུ་ལ་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཆེ་ཞུས་པ་ཡིན། ཨ་ཧྥུའུ་ཧན་གྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཉོ་ཚོང་དང་གློག་འདོན། ཞིང་ཐོན་དངོས་རྫས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།

  • ལེ་ཚན་སྔོན་མ།:“ཀྲུང་གོའི་འགྲོ་ལམ་གྱི་ཡོ་རོབ་གླེང་སྟེགས”སྐབས་ལྔ་པ་ལི་སི་པོན་དུ་གཉེར་བ།
  • ལེ་ཚན་རྗེས་མ།:པད་མ་འཕྲིན་ལས་ཀྱིས་ཨོ་སི་ཁྲུ་རི་ཡར་འཚམས་འདྲི་གནང་བ།
  • དོ་སྣང་ཆེ་བའི་རྩོམ།