ཧྥ་རན་སིས་འཛམ་གླིང་བུམ་པའི་བྱ་དགའ་ཨང་དང་པོ་བླངས་པ།

    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ    2018-07-17

  2018 ལོའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ཁྲོད། ཧྥ་རན་སི་དང་། ཁུ་ལོ་ཏིས་ཡ་རུ་ཁག་གཉིས་ཀྱིས་འཛམ་གླིང་ཡོངས་ཀྱི་ལྟད་མོ་བ་རྣམས་ལ་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གསོན་ཤུགས་ལྡན་པ་ཞིག་ཕུལ་བ་དང་། མཇུག་མཐར་ཧྥ་རན་སིས་བསྡུར་གྲངས4:2བརྟེན་ནས་ཁུ་ལོ་ཏིས་ཡ་ཕམ་པར་རྒྱབ་པ་རེད། འདི་ནི་ཧྥ་རན་སིས་ལོ་ངོ20འགོར་རྗེས་ཡང་བསྐྱར་འཛམ་གླིང་བུམ་པའི་རྟགས་མ་བླངས་པ་རེད། ཁུ་ལོ་ཏིས་ཡ་རུ་ཁག་གིས་ཨང་དང་པོའི་བྱ་དགའ་མ་ལོན་ཀྱང་ཁོ་ཚོས་ལོ་རྒྱུས་ཁྲོད་ཀྱི་ཆེས་བཟང་བའི་གྲུབ་འབྲས་བླངས་ཡོད། ཧྥ་རན་སི་ལ་རྟེན་འབྲེལ་ཞུ།དེ་དང་ཆབས་ཅིག ཁུ་ལོ་ཏིས་ཡར་ཡང་རྟེན་འབྲེལ་ཞུ།   

  • ལེ་ཚན་སྔོན་མ།:འཛམ་གླིང་སྟེང་གི་ཆེས་ཆེ་བའི་བྲག་རྡོ་ཁེར་སྐྱེས་ཏེ་ཨའེ་ཨེར་སི་བྲག་རྡོ་ཆེན་པོ།
  • ལེ་ཚན་རྗེས་མ།:ཀྲུའུ་ཞི་ཞི་ཅིན་ཕིང་ནས་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁ་གླིང་ལ་འཚམས་འདྲི་གནང་བར་གཡུར་ཟའི་འབྲས་བུ་ཐོབ་པ།
  • དོ་སྣང་ཆེ་བའི་རྩོམ།