ཞིས་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྒྱལ་ཕྱིར་སློབ་གཉེར་ལས་དོན་ཚོགས་འདུའི་ཐོག་མཛུབ་སྟོན་གལ་ཆེན་གནང་།

        2014-12-17

མི་དམངས་དྲ་བ་ནས་གནས་ཚུལ་འབྱོར་གསལ།ཟླ་བ12པའི་ཚེས12དང་ཚེས13ཉིན་རྒྱལ་ཡོངས་ཀྱི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་ལས་དོན་ཚོགས་འདུ་དེ་པེ་ཅིང་དུ་འཚོགས།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས་རང་རྒྱལ་གྱི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་བྱ་གཞག་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་།དུས་བབ་གསར་པའི་འོག་གི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་བཏོན་གནང་ནས་ཕྱི་རྒྱལ་དུ་ཡོད་པའི་རྒྱ་ཆེའི་ཀྲུང་གོའི་སློབ་ཕྲུག་ཚོར་ཟོལ་མེད་ཀྱི་འཚམས་འདྲི་གནང་བར་མ་ཟད།ཀྲུང་གོར་ཡོད་པའི་རྒྱལ་ཁབ་ཁག་གི་གྲོགས་པོ་ཚོར་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་ཞུས་པ་རེད།
ཞི་ཅིན་ཕིང་གིས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་བྱ་གཞག་དེ་སྔར་ནས་བཟུང་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དབང་དང་དམ་པོར་འབྲེལ་ཡོད།ཀྲུང་གོ་གསར་པ་དབུ་བརྙེས་པ་དང་ལྷག་པར་དུ་བསྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་བྱ་གཞག་ལ་ཏང་དང་རྒྱལ་ཁབ་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ནས་བྱེད་ཕྱོགས་སྲིད་ཇུས་རབ་དང་རིམ་པ་བཟོས་པ་དང་ལག་ལེན་བསྟར་བས།རང་རྒྱལ་གྱི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་བྱ་གཞག་ཐད་མི་རྣམས་ཀྱིས་དོ་ཁུར་བྱེད་པའི་གྲུབ་འབྲས་ཐོབ་རྒྱུར་སྐུལ་མ་ཐེབས་པ་དང་།ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་བྱ་གཞག་གིས་རང་རྒྱལ་གྱི་བསྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུཊ་སྐྲུན་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།འདི་གར་ངས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་ལས་དོན་གྱི་འཐབ་ཕྱོགས་སུ་ལས་ཀ་བྱེད་མཁན་བློ་མཐུན་རྣམས་ལ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་བྱ་གཞག་ནི་རང་རྒྱལ་གྱི་བསྒྱུར་བཅོས་སྒོ་དབྱེའི་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞེས་གསུངས་པ་རེད།
  • ལེ་ཚན་སྔོན་མ།:རྒྱལ་སྤྱིའི་ནང་བསྟན་གླེང་སྟེགས་སྐབས་བཞི་བ་པེ་ཅིང་དུ་བསྡུས།
  • ལེ་ཚན་རྗེས་མ།:ལི་ཁེ་ཆང་གིས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ལོ་ཚོགས་ཐོག་གསུང་བཤད་གནང་།
  • དོ་སྣང་ཆེ་བའི་རྩོམ།