སྤྱི་ཟླ་༣པའི་ཟླ་སྨད་དུ་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཨའོ་པ་མ་རྣམ་གཉིས་གྲོས་མོལ་གནང་རྒྱུ་རེད།

བཀྲ་ཤིས་བཟང་པོ།    ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།    2014-03-18

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྤྱི་ཟླ་༣པའི་ཟླ་སྨད་དུ་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཨའོ་པ་མ་རྣམ་གཉིས་ཀྱིས་ཧེ་ལན་དུ་སྐོང་འཚོག་བྱེད་རྒྱུའི་ཉིང་རྡུལ་བདེ་འཇགས་འགོ་གཙོའི་གྲོས་ཚོགས་རིང་གྲོས་མོལ་གནང་རྒྱུ་རེད། དེ་ནི་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་སྤྱི་ལོ་༢༠༡༤ལོར་གྲོས་མོལ་གནང་ཐེངས་དང་པོ་ཡིན་པ་དང་། དུས་མཚམས་རྗེས་མར་ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད། རྒྱལ་ཁབ་གཉིས་པོའི་འགོ་འཁྲིད་མི་སྣས་ཀྲུང་ཨའི་འབྲེལ་བ་དང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་རྒྱུ་ཡིན་པ་རེད།
    ཀྲུང་གོས་ཨ་རི་ཕྱོགས་དང་མཉམ་དུ་ཐུན་མོང་ཐོག་ཐེངས་འདིའི་ཉིང་རྡུལ་བདེ་འཇགས་འགོ་གཙོའི་གྲོས་ཚོགས་དང་རྒྱལ་ཁབ་གཉིས་པོའི་གཙོ་བདག་བར་གྱི་གྲོས་མོལ་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་རྒྱུར་སྐུལ་སྤེལ་བཏང་ནས། ཀྲུང་ཨའི་བར་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པར་འཛུགས་ཆེད་གསོན་ཤུགས་གསར་པ་སྣོན་འདོད་ཡོད་པ་རེད།
 

 

  • ལེ་ཚན་སྔོན་མ།:ཞི་ཅིན་ཕེན་གྱིས་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མ་ལ་ཁ་པར་བཏང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་ནས་དགོངས་འཆར་
  • ལེ་ཚན་རྗེས་མ།:ཤི་ལོག་སྒྲོལ་མས་འཛམ་གླིང་བུམ་པའི་སྐྱེས་མའི་རང་དབང་འཇུ་རེས་རུ་འགྲན་དུ་ཨང་གསུམ་པ་བླངས།
  • དོ་སྣང་ཆེ་བའི་རྩོམ།