དར་མདོ་རྫོང་གིས་དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་ལ་དངོས་ཟོག་ཉོ་སའི་བྱང་བུ་སྤྲད།

དབྱངས་ཅན་གྱིས་བསྒྱུར།        2014-04-24

  དར་མདོ་རྫོང་མི་རིགས་ཉོ་ཚོང་ཀུང་སིས་ང་ཚོ་དམིགས་བསལ་དབུལ་ཕོངས་དུད་ཚང་ལ་དོན་དངོས་སྒྲུབ་པ་དགའ་སྤྲོ་ཧ་ཅང་ཆེ།ཏང་ཨུ་དང་སྲིད་གཞུང་གིས་ང་ལ་ཐུགས་ཁུར་དང་གཅེས་སྐྱོང་གནང་བར་བཀའ་དྲིན་ཆེ་བར་མ་ཟད།སྤྱི་ལ་དབང་བ་མིན་པའི་ཏང་རྩ་འཛུགས་ཀྱིས་ང་ཚོར་བརྩེ་སེམས་ཟབ་མོ་བཅངས་པར་བཀའ་དྲིན་ཆེ།ད་ལྟའི་འཚོ་བ་ཇེ་ཡག་ཇེ་བཟང་དུ་གྱུར་བཞིན་ཡོད།ཏང་ཨུ་དང་སྲིད་གཞུང་གིས་ང་ཚོར་ཐུགས་ཁུར་གནང་བས་བདེ་སྐྱིད་ཀྱི་འཚོ་བ་དེ་བས་ཡག་ཐག་ཆོད་རེད་ཅེས་པའི་སྐད་ཆ་འདི་ཟླ་བ4པའི་ཚེས1ཉིན་དར་མདོ་རྫོང་གིས་སྤྱི་ལ་དབང་བ་མིན་པའི་ཁེ་ལས་ཀྱིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་བསྟར་བྱེད་པའི་བྱེད་སྒོ་སྤེལ་རིང་དུ་དར་མདོ་རྫོང་གི་རྒྱུན་དྭངས་ཆུ་མིག་འདུས་ཁུལ་གྱི་ལོ་ན62ལོན་པའི་དམིགས་བསལ་དབུལ་ཕོངས་དུད་ཚང་གི་ཡུལ་མི་ཐན་ཀུའེ་ཀྲེན་གྱིས་དར་མདོ་རྫོང་མི་རིགས་ཉོ་ཚོང་ཀུང་སི་དངོས་ཟོག་ཉོ་སའི་ཚབ་དངུལ་སྤྲོད་བྱང་བུ་ལེན་སྐབས་གསར་འགོད་པ་ལ་བཤད་པའི་སྙིང་གཏམ་རེད།
    ཀུང་སིས་ཁེ་ལས་འགའ་ཡིས་ཚོང་གཉེར་བྱས་པའི་ཁེ་བཟང་སྤྱད་ནས་ཁེ་ལས་ལ་སྣེ་ཁྲིད་བྱས་ཏེ་ས་གནས་དང་སྤྱི་ཚོགས་ལ་ཞབས་ཞུ་བྱེད་པ་དང་།སྟོབས་ཞན་མི་ཚོགས་ལ་སེམས་ཁུལ་དང་གཅེས་སྐྱོང་བྱས་ནས་སྤྱི་ཚོགས་ཀྱི་འགན་འཁྲི་དོན་དངོས་ཅན་དུ་འགྱུར་ཐུབ་པ་བྱེད་དགོས་ཅེས་ཀུང་སི་དེའི་འགན་ཁུར་མི་སྣས་ཐེངས་འདིའི་བྱེད་སྒོ་དེ་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་བསྟར་བྱ་རྒྱུ་དེ་གཞི་འཛིན་ས་བྱས་ཏེ།རྫོང་ཡོངས་ཀྱི་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ཏང་རྩ་འཛུགས་ཀྱིས་ལག་བསྟར་གཏིང་ཟབ་བྱེད་པར་མ་ཟད།ཁེ་ལས་དང་ཡུལ་དེ་གའི་དོན་དངོས་དང་འབྲེལ་བ་དང་།ཁེ་ལས་ཀྱི་ཏང་འཛུགས་ལས་ཀ་དམ་འཛིན་བྱས་ཏེ་ཁེ་ལས་ཀྱི་ཏང་ཀྲི་པུའུ་ཡི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཅེས་ངོ་སྤྲོད་བྱས།
  • ལེ་ཚན་སྔོན་མ།: གཡག་རྔ་ནས་དར་མདོའི་བར་གྱི་མྱུར་ལམ་ཚེས༢༠ཉིན་ལས་འགོ་ཚུགས།
  • ལེ་ཚན་རྗེས་མ།:ཉིང་ཞའི་ས་ཞིང་འཁོར་རྒྱུག་བྱས་ཏེ་ཞིང་ལས་ཐོན་ལས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་།
  • དོ་སྣང་ཆེ་བའི་རྩོམ།