“ལྔ་གཅིག”དུས་སླེབས་ལ་ཉེ་དུས།གྲོང་གསེབ་རང་བཞིན་དང་ཐེ་ཞུགས་རང་བཞིན།སྤྲོ་འཆམ་རང་བཞིན།སྐྱེ་ཁམས་རང་བཞིན་བཅས་ཀྱི་ཁྱད་ཆོས་ལྡན་པའི་མཚོ་སྔོན་གྱི་མཐོ་སྒང་ཤང་སྡེ་གནས་སྐོར་ལ་འཕེལ་རྒྱས་འབྱུང་མགོ་བརྩམས།ཉེ་བའི་ལོ་འགའི་རིང་།མཚོ་སྔོན་ཞིང་ཆེན་གྱི་ཤང་སྡེ་གནས་སྐོར་ལས་རིགས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་ཕྱིན་པ་དང་།ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོའི་ཞིང་ཁྱིམ་སྤྲོ་གཏོང་ཁང་དང་འབྲོག་ཁྱིམ་སྤྲོ་གཏོང་ཁང་གི་ཤང་སྡེ་གནས་སྐོར་པ་སྣེ་ལེན་བྱེད་པའི་ཁྱིམ་ཚང2000ལས་བརྒལ་ཡོད།