ཀན་སུའུ་ཝུའུ་ཏུའུ་ཡིས་སྐྱུ་རུའི་ཚི་སྣུམ་འདེབས་འཛུགས་བྱས་ཏེ་ཕྱུག་འགྱུར་གྱི་འབྲས་བུ་འདེབས་གསོ་བྱས།

        2014-04-22

ཀན་སུའུ་ཞིང་ཆེན་ལུང་ནན་གྲོང་ཁྱེར་ཝུའུ་ཏུའུ་ཁུལ་གྱིས་སྐྱུ་རུའི་ཚི་སྣུམ་གྱི་གྲོང་པ་འཛུགས་རྒྱུའི་དམིགས་འབེན་བྱས་ནས་ཡུལ་བབ་དང་བསྟུན་པ་དང་ས་དང་ཤིང་འཚམ་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཤིང་།ཁྱད་ཆོས་ལྡན་པའི་དཔལ་འབྱོར་གྱི་ཤིང་འཛུགས་འདེབས་འཛུགས་དང་ཤིང་ནགས་གསོ་སྐྱོང་མཉམ་འབྲེལ་བྱས་པ་དང་འོས་འགན་ཤིང་འཛུགས་དང་ས་རྒོད་སྔོ་ལྗང་ཅན་མཉམ་འབྲེལ་བྱས་ཏེ་སྔོ་ལྗང་ཅན་དང་སྐྱུ་རུའི་ཚི་སྣུམ་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱས་པ་རེད།ཝུའུ་ཏུའུ་ཁུལ་པའེ་ལུང་གཙང་པོའི་འགྲམ་ངོགས་ནི་རང་རྒྱལ་གྱི་སྐྱུ་རུའི་ཚི་སྣུམ་སྐྱེ་པར་འཚམ་པའི་ས་ཁུལ་ཡིན་ཞིང་།མིག་སྔར་སྐྱུ་རུའི་ཚི་སྣུམ་མུའུ་ཁྲི24འཕེལ་རྒྱས་བྱས་པས་སྐྱུ་རུའི་ཚི་སྣུམ་ཐོན་སྐྱེད་བྱས་པའི་དཔལ་འབྱོར་དེ་ཁུལ་ཡོངས་ཀྱི་ཞིང་པའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེར་གཙང་གི་བརྒྱ་ཆ12ལ་ཟིན།འཆར་འགོད་ལ་གཞིགས་ན།2020ལོར་ཝུའུ་ཏུའུ་ཁུལ་སྐྱུ་རུའི་ཚི་སྣུམ་གྱི་གཞི་ཁྱོན་བསྡོམས་པས་མུའུ་ཁྲི50ལ་ཟིན་རྒྱུ་ཡིན་ཞིང་།སྐྱུ་རུའི་ཚི་སྣུམ་གྱི་ཐོན་ལས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར75བརྒལ་རྒྱུ་རེད།
  • ལེ་ཚན་སྔོན་མ།: ཉིང་ཞའི་ས་ཞིང་འཁོར་རྒྱུག་བྱས་ཏེ་ཞིང་ལས་ཐོན་ལས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་།
  • ལེ་ཚན་རྗེས་མ།:ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་སྐབས་གསར་བའི་རྒྱལ་ཁབ་ནུས་ཁུངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་བས
  • དོ་སྣང་ཆེ་བའི་རྩོམ།