ཉིང་ཞའི་ས་ཞིང་འཁོར་རྒྱུག་བྱས་ཏེ་ཞིང་ལས་ཐོན་ལས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་།

        2014-04-22

 ད་ལྟར།ཉིང་ཞ་ནི་དཔྱིད་རྨོད་ཐོན་སྐྱེད་ཀྱི་གྲ་སྒྲིག་ལས་ཀ་བྲེལ་བའི་དུས་སུ་སླེབས་ཡོད།རང་སྐྱོང་ལྗོངས་ཀྱི་ས་ཞིང་འཁོར་རྒྱུག་བྱེད་མཁན་སོ་སོའི་ཁེ་ལས་ཀྱིས་གཅིག་རྗེས་གཉིས་མཐུད་ཀྱིས་སྔོན་ཐོན་གྱི་འཕྲུལ་ཆས་སྤྱད་དེ་ས་ཞིང་ཁོད་སྙོམས་ཏེ་དཔྱིད་རྨོད་ཐོན་སྐྱེད་བྱེད་འགོ་ཚུགས།མིག་སྔར་བར།ལྗོངས་ཡོངས་ཀྱི་ཞིང་སྡེའི་ས་ཞིང་འཁོར་རྒྱུག་བྱེད་ཁྱོན་མུའུ་ཁྲི234.7ལ་བསླེབས་ཏེ་ཁྱིམ་ཚང་གིས་འགན་གཙང་བྱས་ཏེ་བདག་གཉེར་བྱེད་པའི་ས་ཞིང་གི་བརྒྱ་ཆ21ཟིན་པ།ཆེད་ལས་དུད་ཆེན་དང་།ཁྱིམ་དུད་ཀྱི་ཞིང་ར།ཞིང་པའི་མཉམ་ལས་ཁང་སོགས་རིགས་སོ་སོའི་རྣམ་པ་གསར་པའི་ཞིང་ལས་བདག་གཉེར་བྱེད་མཁན་གཙོ་བོས་ལྗོངས་ཡོངས་ཀྱི་བརྒྱ་ཆ55ཡི་ཞིང་དུད་སྣེ་ཁྲིད་བྱས་ཏེ་སྒྲིག་འཛུགས་ལྡན་པའི་ཐོན་ལས་ཅན་གྱི་བདག་གཉེར་བྱེད་པར་ཞུགས་ཏེ་ཞིང་ལས་ཀྱི་ཁེ་ཕན་འཕར་སྣོན་དང་ཞིང་པའི་ཡོང་འབབ་འཕར་སྣོན་ཡོང་བ་བྱས་ཡོད།
  • ལེ་ཚན་སྔོན་མ།:ཡུས་ཀྲིན་ཧྲིན་གྱིས་ཐའེ་ཝན་བཟོ་ཚོགས་ལས་རིགས་ཁག་གི་འཐུས་མིར་མཇལ་འཕྲད་གནང་བ།
  • ལེ་ཚན་རྗེས་མ།:ཀན་སུའུ་ཝུའུ་ཏུའུ་ཡིས་སྐྱུ་རུའི་ཚི་སྣུམ་འདེབས་འཛུགས་བྱས་ཏེ་ཕྱུག་འགྱུར་གྱི་འབྲས་བུ་འདེབས་གསོ་བྱས།
  • དོ་སྣང་ཆེ་བའི་རྩོམ།