མཚོ་སྔོན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་རྩིས་ཡོད་པ།

    མཚོ་སྔོན་གསར་འགྱུར་དྲ་བ།    2014-04-10

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་ཐིན་ནས་རྒྱུས་ལོན་པ་ལྟར་ན། ད་ལོར་མཚོ་སྔོན་ཞིང་ཆེན་གྱི་ནགས་ལས་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་བྱ་བ་དེ་སྐྱེ་ཁམས་ལེགས་བཅོས་དང་དམངས་འཚོ་ལེགས་བཅོས་བྱེད་པ་སྤྱིའི་ལས་འགན་དུ་བཞག་སྟེ། ཤུགས་ཆེན་པོས་ནགས་ལས་གཙོ་གནད་བཟོ་འགོད་ལག་བསྟར་བྱེད་པ་དང་། གཙོ་གནད་ས་ཁོངས་ཀྱི་སྡོང་འཛུགས་ལྗང་བསྒྱུར་འབུར་ཏུ་བཏོད་དེ་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། མིག་སྔར《མཚོ་སྔོན“རྨ་འབྲི་རྫ་གསུམ་འབྱུང་ཡུལ”རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱ་བའི་འཆར་གཞི》བཟོས་ཟིན་པ་མ་ཟད། དུས་སྐབས་སྔོན་མའི་བྱ་བ་སྒྲུབ་བཞིན་ཡོད།

ད་ལོར་མཚོ་སྔོན་གྱིས་ཤུགས་ཆེན་པོས་གཙོ་གནད་ནགས་ལས་སྐྱེ་ཁམས་ལས་གཞི་སྐོར་ཞིག་ལག་བསྟར་བྱས། མིག་སྔའི་བར་དུ། མ་དངུལ་སྒོར་དུང་ཕྱུར17.71དངོས་འབེབས་བྱས་ཡོད། དེའི་ནང་ཀྲུང་དབྱང་གི་མ་དངུལ་སྒོར་དུང་ཕྱུར15.64དང་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་ཞིང་བར་རོགས་སྐྱོར་བྱེད་པའི་མ་དངུལ་སྒོར་དུང་ཕྱུར2.07ཡོད། ཆི་ལེན་རི་བོའི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ཕྱོགས་བསྡུས་བསྒྱུར་བཅོས་བཟོ་འགོད་ཀྱི་དུས་སྐབས་སྔོན་མའི་གྲ་སྒྲིག་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་ལ། མཚོ་སྔོན་གྱིས་ཧུར་བརྩོན་གྱིས་རྒྱལ་སྤྱིའི་ཞིང་ལས་འཕེལ་རྒྱས་ཐེབས་རྩའི་ལིག་ཕན་རི་བོའི་ས་ཁུལ་གྱི་དབུལ་སྐྱོར་ལས་གཞི་བརྩོན་ལེན་བྱས་ཏེ། ལས་གཞིའི་གྲོས་གཞི་ཡི་གེ་བཟོ་སྒྲིག་སོགས་དུས་སྐབས་སྔོན་མའི་བྱ་བ་སྒྲུབ་ཡོད། འཇར་པན་གྱི་དངུལ་བུན་གྱིས་མཚོ་སྔོན་པོའི་མཐའ་བསྐོར་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་ལེགས་བཅོས་དང་། GEFམཚོ་སྔོན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་སོགས་ལས་གཞི་བདེ་བླག་ངང་སྤེལ་བཞིན་ཡོད།

རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་ནས་མཚོ་སྔོན་གྱིས་ཧུར་བརྩོན་གྱིས《མཚོ་སྔོན་ཏུའུ་ལེན་ཚྭ་མཚོའི་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ》དང་ན་གོར་མོའི་སྟག་སྡོང་ནགས་ཚལ་དེ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ལ་སྙན་ཞུ་བྱེད་པའི་བྱ་བ་མཐུན་སྦྱོར་བྱས་ཤིང་། ཧུར་བརྩོན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁྱབ་རྒྱ་དང་བྱེད་ནུས་ཁུལ་ལེགས་སྒྲིག་བྱ་བ་ལེགས་པོར་སྒྲུབ་བཞིན་ཡོད། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁ་གསབ་མ་དངུལ་ལས་གཞི7སྙན་ཞུ་བྱས། 2012ལོ་དང2013ལོའི་སྐམ་སྐྱེས་གཙོ་གནད་རི་སྐྱེས་སྲོག་ཆགས་གནོད་འཚེའི་ཁ་གསབ་དོན་རྐྱེན་ཞིབ་བཤེར་བྱས་པ་མ་ཟད་ཁ་གསབ་མ་དངུལ་རྩིས་སྤྲོད་བྱས།  །

  • ལེ་ཚན་སྔོན་མ།:སེམས་མཐུན་གྱི་འགྲོ་ལམ་ཐོག་བསྐྱོད་ནས་འཆམ་མཐུན་གྱི་དགོན་པ་སྐྲུན།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱི་ས་གནས་ཁག་གིས་གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས།
  • དོ་སྣང་ཆེ་བའི་རྩོམ།