ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ། 2014-03-31
མཛའ་བརྩེ་ལྡན་པའི་ལྗོངས་ཞིང་ལྔའི་བོད་རྒྱ་སྐད་གཉིས་སློབ་གྲྭ་ཆུང་འབྲིང་གི་དགེ་སློབ་རྣམ་པ་ལགས།
དཔྱིད་ཀྱི་དཔལ་མོ་ས་ལ་བབས་པའི་དུས་བཟང་འདིར། ལྗོངས་ཞིང་ལྔའི་བོད་ཀྱི་སློབ་གསོའི་མཉམ་ལས་འགོ་ཁྲིད་ཚོགས་ཆུང་གཞུང་སྒྲུབ་ཁང་(五省区藏族教育协作领导小组办公室)གིས་གཙོ་སྒྲུབ་གནང་ཞིང་ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བས་ཞོར་སྒྲུབ་མཛད་པའི་ལྗོངས་ཞིང་ལྔའི་སློབ་གྲྭ་ཆུང་འབྲིང་གི་བོད་རྩོམ་འགྲན་སྡུར་སྐབས་དང་པོ་རྒྱ་ཆེ་བའི་ལྗོངས་ཞིང་ལྔའི་བོད་རྒྱ་སྐད་གཉིས་སློབ་གྲྭ་ཆུང་འབྲིང་གི་དགེ་སློབ་ཁྲོད་དྲོ་འཇམ་ཉི་འོད་འཕྲོས་པ་དང་སྦྲང་ཆར་ཟིལ་མ་འཇོ་བ་ལྟར་ཕྱོགས་ཡོངས་ནས་སྤེལ་འགོ་བརྩམས།
ཐེངས་འདིའི་བོད་རྩོམ་འགྲན་སྡུར་ནི་བོད་ཁུལ་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་སློབ་སྦྱོང་དང་འཚོ་བའི་ཐད་ཀྱི་ཉམས་མྱོང་བརྗེ་རེས་བྱས་ཏེ་ཕན་ཚུན་བར་ཀྱི་མཛའ་བཤེས་སྤེལ་བ་དང་། མི་རིགས་མཐུན་སྒྲིལ་སྐུལ་སྤེལ། སློབ་མའི་སློབ་གསེང་གི་སློབ་སྦྱོང་དང་འཚོ་བར་ཕུན་སུམ་ཚོགས་པར་གཏོང་བ། རང་མི་རིགས་ཀྱི་ཕུལ་དུ་བྱུང་བའི་རིག་གནས་དར་སྤེལ་བཏང་ནས་བོད་ཁུལ་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་བསམ་པའི་ཉམས་འགྱུར་ངོམས་ཞིང་སློབ་ཕྲུག་དག་གི་རྩོམ་འབྲིའི་ནུས་པ་དང་ཆུ་ཚད་ཇེ་མཐོར་ཡོང་བའི་ཆེད་དུ་སྤེལ་བ་ཡིན།
འགྲན་སྡུར་གྱི་འབྲེལ་ཡོད་གནས་ཚུལ་ཞིབ་རྒྱས་གཤམ་གསལ་ལྟར།
དང་པོ། རྩ་འཛུགས་ལས་ཁུངས།
བརྗོད་དོན་གཙོ་བོ།
མེས་རྒྱལ་དང་ཕ་ཡུལ་ལ་དགའ་བ་དང་། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་ལ་དམིགས་དགོས།
གཙོ་འཛིན་ལས་ཁུངས།
ལྗོངས་ཞིང་ལྔའི་བོད་ཀྱི་སློབ་གསོའི་མཉམ་ལས་འགོ་ཁྲིད་ཚོགས་ཆུང་གི་གཞུང་སྒྲུབ་ཁང་།
གཙོ་སྒྲུབ་ལས་ཁུངས། ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།(http://www.tibetanms.cn/)
གཉིས་བ། རྩོམ་འབྲིའི་བླང་བྱ།
ཐེངས་འདིའི་འགྲན་ཞུགས་རྩོམ་ཡིག་གཤམ་གྱི་བརྗོད་དོན་གཙོ་བོ་གསུམ་ལ་བལྟས་ནས་ནང་དོན་དང་རྩོམ་སྟངས་གང་རུང་བྲིས་ཆོག་ལ་ཁ་བྱང་རང་གིས་འགོད་དགོས།
1.དགའ་སྐྱིད་དང་བདེ་ཐང་ངང་འཚར་ལོངས་བྱུང་བའི་གནས་ཚུལ་མཚོན་པ་དང་ཉིན་རྒྱུན་འཚོ་བའི་ཁྲོད་དུ་བྱུང་བའི་དགའ་སྡང་སྐྱོ་སྤྲོ་དང་མཐོང་ཐོས་མྱོང་གསུམ། དོན་དངོས། རང་གི་ཉེ་འགྲམ་དུ་ཡོད་པའི་གུས་བཀུར་ཞུ་འོས་པའི་མི་སྣ། ཕ་ཡུལ་གྱི་རི་ཆུ། བོད་ཁུལ་གྱི་སྲིད་འབྱོར་རིག་གསུམ་གྱི་འཕོ་འགྱུར་དང་འཚོ་བའི་འགྱུར་ལྡོག། ཡུལ་སྲོལ་གོམས་གཤིས། ཕ་ཡུལ་དང་མ་ཡུམ་སློབ་གྲྭར་དགའ་བའི་སེམས་པ་བཅས་ལེགས་པོར་མཚོན་པའི་དེང་རབས་སློབ་མའི་ཉམས་འགྱུར་མཚོན་ཐུབ་པའི་ལྷུག་རྩོམ་དང་སྙན་རྩོམ། འབོལ་རྩོམ་བཅས་གང་རུང་བྲིས་ཆོག་ལ་། ནང་དོན་ལེགས་ཤིང་རང་རྒྱལ་གྱི་བྱེད་ཕྱོགས་དང་སྲིད་ཇུས། རྩ་ཁྲིམས། ལམ་ལུགས་བཅས་དང་གཏན་ནས་འགལ་མི་རུང་།
2.རང་གི་བསམ་པའི་བཀོད་ཤུགས་གང་ལེགས་ངོམས་པ་དང་། སེམས་ནང་གི་ཕུགས་འདུན་དང་ཚན་རིག་འཕྲུལ་སྣང་མཚོན་དགོས།
3.གཏམ་ངོ་མ་བཤད་པ་དང་བསམ་ཚུལ་ཟོལ་མེད་དང་རང་གཤིས་བཅས་རང་འདོད་ལྟར་མཚོན་དགོས།
གསུམ་པ། རྩོམ་ཡིག་འགྲན་སྡུར་ལ་འཇུག་པའི་སྐོར།
ཐེངས་འདི་འགྲན་སྡུར་ལ་མཐོ་འབྲིང་དང་དམའ་འབྲིང་། སློབ་ཆུང་ལོ་རིམ་མཐོ་ཁག སློབ་ཆུང་ལོ་རིམ་དམའ་ཁག་བཅས་ཚན་ཁག་བཞི་བགོས་ཡོད་པ་དང་། སློབ་མའི་བོད་རྩོམ་ལ་སློབ་གྲྭས་གཅིག་གྱུར་གྱིས་སྡུད་སྒྲིག་དང་གདམ་གསེས་བྱས་མཐར་རང་རེའི་སློབ་གྲྭའི་མཚམས་སྦྱོར་མདོར་བསྡུས་དང་རྩོམ་པ་པོའི་མིང་། མཛུབ་སྟོན་དགེ་རྒན་བཅས་གསལ་བཀོད་རེའུ་མིག་ཏུ་གསལ་བོར་བྲིས་རྗེས། ཐེངས་འདིའི་འགྲན་སྡུར་གྱི་གཞུང་ཕྱོགས་དྲ་བ་སྟེ་ཀྲུང་གོའི་ བོད་ཀྱི་སློབ་འབྲིང་དྲ་བའི་བོད་རྩོམ་འགྲན་སྡུར་བརྒྱུད་ལམ་(http://www.tibetanms.cn/)དུ་དྲ་རྒྱའི་ཐོ་བཀོད་ནས་བོད་རྩོམ་འབུལ་སྤྲོད་བྱེད་ཆོག་ལ། གློག་རྡུལ་ཡིག་སྦྲག་སྒམ་བརྒྱུད་དེ་tibetanms@163.com དུ་འབུལ་སྤྲོད་བྱས་རྗེས་དྲ་བ་འདིའི་དོ་དམ་པས་བོད་རྩོམ་འགྲན་སྡུར་བརྒྱུད་ལམ་དུ་སྤེལ་ནའང་ཆོག
1.རྩོམ་ཐུང་འབྲི་བའི་སྲོལ་གཏོད་པ་དང་། སློབ་ཆུང་ལོ་རིམ་དང་པོ་དང་གཉིས་པའི་སློབ་མས་ཡིག་འབྲུ200ཡན་འབྲི་དགོས་པ་དང་། སློབ་ཆུང་ལོ་རིམ་གསུམ་པ་ནས་དྲུག་པའི་བར་ཡིག་འབྲུ600ལས་མི་བརྒལ་བ། དམའ་འབྲིང་གི་སློབ་མས་ཡིག་འབྲུ600ལས་མི་བརྒལ་བ། མཐོ་འབྲིང་གི་སློབ་མས་ཡིག་འབྲུ1000ཡན་འབྲི་དགོས། སློབ་མ་རྣམས་ཀྱི་རྩོམ་འབྲིའི་ཆུ་ཚད་དང་སྤྲོ་སྣང་མཚོན་ཕྱིར་རྩོམ་ཡིག་ནང་རི་མོའང་སྦྱར་ཆོག
2.འགྲན་ཞུགས་བོད་རྩོམ་རེ་ལ་རྩོམ་པ་པོའི་ཉེ་པའི་འདྲ་པར་རེའུ་མིག་ནང་དུ་སྦྱར་ནས་མཁོ་སྤྲོད་བྱེད་དགོས་ཤིང་། བོད་རྩོམ་ཡོད་ཚད་ཐོག་ངེས་པར་དུ་རྩོམ་པ་པོའི་དངོས་མིང་འབྲི་དགོས་ལ། བོད་རྩོམ་རེ་རེའི་མཇུག་ཏུ་རྩོམ་པ་པོ་དང་མཛུབ་སྟོན་དགེ་རྒན། སློབ་གྲྭའི་ཞིབ་གསལ་གྱི་ས་གནས་དང་ཡིག་སྐྱེལ་ཨང་སྒྲིག འཛིན་གྲྭ། རུས་མིང་། ཕོ་མོའི་དབྱེ་བ་བཅས་གསལ་བོར་བྲིས་ནས་རྩོམ་པ་པོའི་བརྡ་འཕྲིན་ངོ་མ་ཡིན་པར་འགན་ལེན་བྱེད་དགོས།
3.འགྲན་ཞུགས་བོད་རྩོམ་ངེས་པར་དུ་རང་གིས་བྲིས་པའི་མ་རྩོམ་ཡིན་དགོས་པ་དང་། སློབ་གྲྭ་རེ་རེས་རྩོམ་རིག་ལ་མཁས་པའི་འབྲེལ་ཡོད་དགེ་རྒན་རྣམས་སྒྲིག་འཛུགས་བྱས་ཏེ་ཕུལ་བྱུང་བརྩམས་ཆོས་ལ་དཔྱད་བསྡུར་དང་འདེམས་སྒྲུག་བྱས་ནས། མཛུབ་སྟོན་དགེ་རྒན་གྱི་མཚམས་སྦྱོར་མདོར་བསྡུས་དང་འབྲེལ་གཏུག་ཁ་པར་བཅས་གསལ་བོར་འབྲི་དགོས། གལ་ཏེ་དྲ་རྒྱ་བརྒྱུད་དེ་ཕབ་ལེན་དང་རྐུ་བཤུས་བྱེད་པའི་བོད་རྩོམ་ཡིན་ན་འགྲན་ཞུགས་བྱེད་མི་ཆོག་པ་མ་ཟད། ད་དུང་ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བར་བརྒྱུད་དེ་བརྡ་ཁྱབ་ཐོག་ནས་སྐྱོན་བརྗོད་བྱེད་རྒྱུ་ཡིན།
4.འགྲན་ཞུགས་བོད་རྩོམ་གཅིག་གྱུར་གྱིས་ཧི་མ་ལ་ཡའི་བོད་ཡིག་ཡིག་ཚུགས་ཆེ་ཆུང3པ་བཀོལ་དགོས། སློབ་གྲྭ་སོ་སོའི་འགྲན་ཞུགས་བོད་རྩོམ་ལ་སློབ་གྲྭས་གཅིག་གྱུར་གྱིས་ཀྲུང་གོའི་ བོད་ཀྱི་སློབ་འབྲིང་དྲ་བའི་བོད་རྩོམ་འགྲན་སྡུར་བརྒྱུད་ལམ(http://www.tibetanms.cn/)དང་ཡང་ན་བོད་རྩོམ་འགྲན་སྡུར་གྱི་ཆེད་བཀོལ་སྦྲག་སྒམ་(tibetanms@163.com) བརྒྱུད་དེ་འབུལ་སྤྲོད་བྱེད་དགོས།
བཞི་བ། བྱ་དགའ་སྟེར་ཐབས།
ཐེངས་འདིའི་འགྲན་སྡུར་ལ་མཐོ་འབྲིང་དང་དམའ་འབྲིང་། སློབ་ཆུང་ལོ་རིམ་མཐོ་ཁག སློབ་ཆུང་ལོ་རིམ་དམའ་ཁག་བཅས་ཚན་ཁག་བཞི་བགོས་ནས་བྱ་དགའ་སྟེར་རྒྱུ་ཡིན། ཚན་ཁག་རེ་རེའི་འགྲན་ཞུགས་བོད་རྩོམ་སྤྱི་གྲངས་ཀྱི10%དང་20%། 30%་ཡི་བསྡུར་ཚད་ལྟར་བྱ་དགའ་ཨང་དང་པོ་དང་ཨང་གཉིས་པ། ཨང་གསུམ་པ། ཕུལ་བྱུང་རྩ་འཛུགས་བྱ་དགའ་འགའ་རེ་བཅས་དཔྱད་འདེམས་བྱེད་རྒྱུ་ཡིན། བྱ་དགའ་ཐོབ་པའི་སློབ་མ་དང་མཛུབ་སྟོན་དགེ་རྒན་ཡོངས་ལ་ལྗོངས་ཞིང་ལྔའི་བོད་ཀྱི་སློབ་གསོའི་མཉམ་ལས་འགོ་ཁྲིད་ཚོགས་ཆུང་གཞུང་སྒྲུབ་ཁང་གིས་གཟི་ལྡན་ལག་ཁྱེར་དང་བྱ་དགའི་དྲན་རྟེན་རེ་སྟེར་རྒྱུ་ཡིན། གལ་ཏེ་མ་རྩོམ་གྱི་མཇུག་ཏུ་མཛུབ་སྟོན་དགེ་རྒན་གྱི་མིང་གསལ་པོར་བྲིས་མེད་ན་གཟི་ལྡན་ལག་ཁྱེར་དང་བྱ་དགའི་དྲན་རྟེན་མི་སྟེར།
གཟེངས་བསྟོད་བྱེད་རྒྱུའི་དཔྱད་བསྡུར་ལ་དྲ་རྒྱའི་འདེམས་ཤོག་འཕེན་པ་དང(30%)ཆེད་མཁས་ཞིབ་དཔྱད(70% སྐར་གྲངས་དཔྱད་འདེམས་ཆེད་མཁས་ཀྱི་མིང་ཐོ་ཟུར་དུ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན)ཀྱི་གྲུབ་འབྲས་གཉིས་སྤྱི་བསྡོམས་བྱས་ཏེ་ཐག་གཅོད་རྒྱུ་ཡིན། འགྲན་ཞུགས་བོད་རྩོམ་དྲ་རྒྱའི་ཐོག་འབུལ་སྤྲོད་བྱས་ནས་ཞིབ་བཤེར་བྱས་རྗེས་མངོན་གསལ་དུ་འགྲེམ་སྟོན་བྱས་ཏེ་དྲ་རྒྱའི་ཐོག་འདེམས་ཤོག་འཕེན་འགོ་ཚུགས་རྒྱུ(འདེམས་ཤོག་འཕེན་པའི་སྒྲིག་སྲོལ་ཞིབ་མོ་དྲ་རྒྱའི་ཐོག་གསལ)དང་། བྱ་དགའ་ཐོབ་པའི་སློབ་མ་དང་མཛུབ་སྟོན་དགེ་རྒན་ཡོངས་ཀྱི་རུས་མིང་ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བའི་ཐོག་ཁྱབ་བསྒྲགས་བྱེད་ཅིང་བྱ་དགའ་ཐོབ་པའི་བོད་རྩོམ་དྲ་བ་འདིར་འབུལ་སྤྲོད་བྱས་ནས་བོད་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཡོངས་ཀྱིས་རིན་མི་དགོས་པར་ལྟ་ཆོག་ལ།《ལྗོངས་ཞིང་ལྔའི་སྐབས་དང་པོའི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ལེགས་རྩོམ་གཅེས་བསྡུས》ཞེས་པའི་དེབ་ཆུང་ཞིག་ཀྱང་པར་སྐྲུན་འགྲེམ་སྤེལ་བྱེད་རྒྱུ་ཡིན།
ལྔ་བ། འགྲན་སྡུར་དུས་ཚོད་བཀོད་སྒྲིག
1.བོད་རྩོམ་འབུལ་སྤྲོད་བྱེད་པའི་དུས་ཚོད། 2014ལོའི་ཟླ་3ཚེས25ཉིན་ནས་ཟླ7 ཚེས15ཉིན་གྱི་བར།
2.དྲ་རྒྱའི་འདེམས་ཤོག་འཕེན་པའི་དུས་ཚོད།2014ལོའི་ཟླ་3ཚེས25ཉིན་ནས་ཟླ7ཚེས25ཉིན་གྱི་བར།
3.ཟླ8པའི་ཟླ་མཇུག་གི་སྔོན་དུ་བོད་རྩོམ་འགྲན་སྡུར་གྱི་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གིས་དཔྱད་བསྡུར་བྱས་ཏེ་བྱ་དགའ་ཐོབ་པའི་གནས་ཚུལ་དྲ་ཐོག་ཁྱབ་བསྒྲགས་བྱེད་རྒྱུ་ཡིན།
4. ཟླ10བའི་ཟླ་མཇུག་གི་སྔོན་དུ་བྱ་དགའ་ཐོབ་པའི་བོད་རྩོམ་དང་ཆེད་མཁས་དགེ་རྒན་གྱི་དཔྱད་གཏམ་སོགས་མཉམ་དུ་བསྡུས་ནས《ལྗོངས་ཞིང་ལྔའི་སྐབས་དང་པོའི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ལེགས་རྩོམ་གཅེས་བསྡུས》ཞེས་པའི་དེབ་ཆུང་ཞིག་པར་སྐྲུན་འགྲེམ་སྤེལ་བྱེད་རྒྱུ་ཡིན།(གློག་རྡུལ་འོད་སྡེར་ཟུར་དུ་བཀོད་དགོས།)
དྲུག་པ། དོ་སྣང་བྱེད་དགོས་པའི་སྐོར།
1.བོད་ཁུལ་གྱི་བོད་རྒྱ་སྐད་གཉིས་སློབ་གྲྭ་སོ་སོས་རྩིས་མཐོང་ཆེན་པོར་བཟུང་ནས་ཐེངས་འདིའི་དྲ་རྩོམ་འགྲན་སྡུར་བཀོད་སྒྲིག་གང་ལེགས་བྱེད་དགོས་པ་དང་། སློབ་མའི་སེམས་ཤུགས་སྐུལ་སྤེལ་བཏང་ནས་འགྲན་སྡུར་དུ་ཞུགས་པའི་སྤྲོ་སྣང་བསྐྱེད་དགོས།
2. ཐེངས་འདིའི་འགྲན་སྡུར་ལ་གྲོན་དངུལ་ཅི་ཡང་མི་དགོས་པ་དང་། སློབ་མ་རེ་བོད་རྩོམ་ཁོ་ན་རེ་བསྐུར་དགོས་ལ། དུས་དེབ་སོགས་ཀྱི་ཐོག་ཡོངས་གྲགས་སུ་བཀོད་ཟིན་པའི་བོད་རྩོམ་འགྲན་ཞུགས་བྱེད་མི་ཆོག རྩོམ་གྱི་མ་ཟིན་ཐམས་ཅད་ཕྱིར་མི་སྤྲོད་པ་དང་རང་གིས་སོར་ཉར་བྱེད་དགོས།
3.གལ་ཏེ་དྲ་རྒྱར་བརྒྱུད་དེ་ཕབ་ལེན་དང་རྐུ་བཤུས་བྱེད་པའི་བོད་རྩོམ་ཡིན་ན་འགྲན་ཞུགས་བྱེད་མི་ཆོག་པ་མ་ཟད། བྱ་དགའ་དཔྱད་འདེམས་བྱས་རྗེས་རྐུ་བཤུས་བྱེད་པའི་བོད་རྩོམ་ཡིན་པར་ཤེས་སོང་ན་བྱ་དགའི་དྲན་རྟེན་ཕྱིར་འཐེན་ རྗེས་རྩོམ་པ་པོའི་སློབ་གྲྭའི་ནང་དང་ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བར་བརྒྱུད་དེ་བརྡ་ཁྱབ་ཐོག་ནས་སྐྱོན་བརྗོད་བྱེད་རྒྱུ་ཡིན།
4.བོད་རྩོམ་འབུལ་སྤྲོད་ས་གནས།
ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བའི་བོད་རྩོམ་འགྲན་བསྡུར་ཆེད་བསྒྲིགས་ལེ་ཚན།http://www.tibetanms.cn/s/wsqzw/
འབྲེལ་ཡོད་བརྡ་ཐོ་དང་ཡིག་ཆ་ཕབ་ལེན་བྱེད་ས།http://www.tibetanms.cn/news/bswj/
ཚན་ཞུགས་པའི་རྩོམ་ཡིག་དྲ་གནས་ཆེད་བསྒྲིགས།http://www.tibetanms.cn/shshly/wsqzwbs/
བོད་རྩོམ་འབུལ་སྤྲོད་དྲ་གནས། http://www.tibetanms.cn/e/DoInfo/AddInfo.php?mid=15&enews=MAddInfo&classid=387&Submit=%E0%BD%81%E0%BC%8B%E0%BD%A6%E0%BE%A3%E0%BD%BC%E0%BD%93%E0%BC%8D/
བརྡ་ཐོ་དང་ཡིག་ཆ་ཐམས་ཅད་ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བར་བརྒྱུད་དེ་ཕབ་ལེན་བྱེད་ཆོག་ལ། འགྲན་བསྡུར་གྱི་འབྲེལ་ཡོད་བརྡ་འཕྲིན་དང་གསར་འགྱུར། རི་མོ་སོགས་ཀྱང་དྲ་བ་འདིའི་ཐོག་ཁྱབ་བསྒྲགས་བྱེད་རྒྱུ་ཡིན།
5.འབྲེལ་གཏུག་བྱེད་ཐབས།
ལྗོངས་ཞིང་ལྔའི་བོད་ཀྱི་སློབ་གསོའི་མཉམ་ལས་འགོ་ཁྲིད་ཚོགས་ཆུང་གི་གཞུང་སྒྲུབ་ཁང་།
ལག་ཁྱེར་ཁ་པར།
གཞུང་སྒྲུབ་ཁང་གི་ཁ་པར། 0971—6310542
ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ། ཚོགས་དཔག་སྐྱབས།
ལག་ཁྱེར་ཁ་པར། 13893511282
གཞུང་སྒྲུབ་ཁང་གི་ཁ་པར། 0935-3121397
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10