བོད་ཡིག་པར་གཞིའི《ཆབ་མདོའི་གསར་འགྱུར》ཞེས་པའི་ཁ་པར་འཕྲིན་གྱི་ཕོ་ཉ་ཤར་གཏོང་བྱས་པ།
མཚོ་སྔོན་པོ་དྲ་བ། 2014-03-28
ཟླ3པའི19ཉིན། ཆབ་མདོ་ས་ཁུལ་གྱིས་བོད་ཡིག་པར་གཞིའི《ཆབ་མདོའི་གསར་འགྱུར》ཞེས་པའི་ཁ་པར་འཕྲིན་གྱི་ཕོ་ཉ་དངོས་སུ་ཤར་གཏོང་བྱས། སྤེལ་ཐེངས་དང་པོའི་བོད་ཡིག་པར་གཞིའི་ཁ་པར་འཕྲིན་གྱི་ཕོ་ཉའི་སྤྱོད་མཁན་ཆབ་མདོའི་རོང་འབྲོག་པ་དང་དགོན་སྡེའི་གྲྭ་བཙུན་མི་ཁྲི2ལ་ཉེ་བ་ཡོད་ཅིང་། ཁ་པར་འཕྲིན་གྱི་ཕོ་ཉ་དེས་བཀོལ་སྤྱོད་བྱེད་མཁན་རྣམས་ལ་ཉིན་རེར་སྲིད་དོན་ཆ་འཕྲིན་དང་གསར་འགྱུར། འབྲེལ་ཡོད་སྲིད་ཇུས2རེ་བསྐུར་གྱིན་ཡོད་པ་རེད།