ལིས་ཁི་ཆང་གིས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་མགོ་བ་ལ་ཅ་ཏི་ལ་མཇལ་འཕྲད་གནང་བ།

    ཀྲུང་གོའི་བོད་སྐད་རླུང་འཕྲིན།    2014-03-27

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་གསར་འགྱུར་དྲ་བའི་ཐོག་སྤེལ་བའི། ཞིང་ལས་པུའུ་ཡིས་སྤྱི་ཚེས25ཉིན་སྤྱི་ལོ2013ལོ་འཁོར་མོའི་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ལས་དོན་སྙན་ཞུ་སྤེལ་བ་དང་། སྤྱི་ལོ2013ལོར་ཞིང་ལས་པུའུ་ཡི་དྲ་བའི་ཆ་འཕྲིན་ཡོངས་བསྒྲགས་བྱེད་ས་བརྒྱུད་རང་འགུལ་ཐོག་ཆ་འཕྲིན་ཁག773ཡོང་བསྒྲགས་བྱས་ཤིང་། ཡོངས་བསྒྲགས་བྱེད་དགོས་པ་དག་གཞི་རྩའི་ཆ་ནས་ཡོངས་བསྒྲགས་ཐུབ་ཡོད་པ་རེད། ཆ་འཕྲིན་ཡོངས་བསྒྲགས་ཀྱི་རེ་ཞུ་ཁག268འབྱོར་བ་ཚང་མར་དུས་ཐོག་ཏུ་ལན་རྒྱག་ཐུབ་ཡོད་པ་དང་། ཆ་འཕྲིན་ཡོངས་བསྒྲགས་ཀྱི་སྲིད་འཛིན་བསྐྱར་ཞིབ་ཁག19འབྱོར་བ་ཚང་མ་མེད་པ་བཟོས་མེད་པའམ་བསྐྱར་དུ་གཉེར་དུ་བཅུག་ཡོད་པ། ཆ་འཕྲིན་ཡོངས་བསྒྲགས་ཀྱི་རྐྱེན་པས་སྲིད་འཛིན་ཞུ་སྦྱོར་བྱས་པའི་གནས་ཚུལ་ཐོན་མེད་པ་རེད།

སྙན་ཞུའི་ནང་། སྤྱི་ལོ2014ལོར་ཞིང་ལས་པུའུ་ཡིས་སྒྲིག་གཞི་གསར་གཏོད་ལ་ཤུགས་སྣོན་སྔར་ལས་ལྷག་པ་རྒྱབ་ཐོག མང་ཚོགས་བར་གྱི་འབྲེལ་གཏུགས་ཤུགས་ཆེར་གཏོང་རྒྱུ་དང་། སྤྱི་ཚོགས་ནས་དོ་ཁུར་བྱེད་སར་ལན་ཆ་བྱས་ནས། ཞིང་ལས་སྡེ་ཁག་གི་ལག་བསྟར་ནུས་པ་དང་ཡིད་རྟོན་ཐོབ་ཐད་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ་དང་། ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ཆ་འཕྲིན་གྱི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་རྒྱུ་རེད་ཅེས་འཁོད་འདུག  ། 

  • ལེ་ཚན་སྔོན་མ།:དམངས་གཙོ་མནའ་འབྲེལ་གྱི་སྲིད་གྲོས་སྲིད་ཞུགས་ལས་དོན་གྲོས་ཚོགས་པེ་ཅིང་དུ་འཚོགས་པ།
  • ལེ་ཚན་རྗེས་མ།:བོད་ཡིག་པར་གཞིའི《ཆབ་མདོའི་གསར་འགྱུར》ཞེས་པའི་ཁ་པར་འཕྲིན་གྱི་ཕོ་ཉ་ཤར་གཏོང་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།