དབུལ་ཕོངས་ཁུལ་གྱིས་ལོ15ལ་རིན་པ་མི་དགོས་པའི་སློབ་གསོ་ལག་བསྟར་བྱས།

        2014-03-26

 ཀུན་སུའུ་ཉིང་ཞ་ཧུའེ་རིགས་རང་སྐྱོང་ཁུལ་གྱི་ཁུལ་ཡོངས་ལ་དབུལ་ཕོངས་མི་འབོར་ཁྲི90.02ཡོད་ཅིང་། དབུལ་ཕོངས་གཞི་ཁྱོན་བརྒྱ་ཆ52.4ལ་ཟིན་པ་རེད། 2013ལོར། ཁུལ་ཡོངས་ཀྱི་ནོར་སྲིད་ཡོང་འབབ་ཏག་ཏག་སྒོར་དུང་ཕྱུར20ལས་བརྒལ་བ་རེད། དེ་འདྲའི་དབུལ་ཕོངས་ཁུལ་ཞིག་ཡིན་རུང་ཁུལ་དེས་ད་རུང་ཚད་ཡོད་ཀྱི་སྲིད་གཞུང་ནོར་སྲིད་འཐེན་ནས་རྒྱུན་མཐུད་ངང་རིན་པ་མི་དགོས་པའི་སློབ་གསོར་སྐུལ་སྤེལ་བྱས། 2013ལོའི་དཔྱིད་འགོ་ཚུགས་པ་ནས་བཟུང་ཁུལ་ཡོངས་ཀྱི་མཐོ་རིམ་སློབ་འབྲིང་གི་སློབ་མ་ཁྲི3ཐམས་ཅད་རིན་པ་མི་དགོས་པར་སློབ་ཞུགས་བྱས་ཡོད། 2014ལོའི་དཔྱིད་དུས་སུ་ཁུལ་ཡོངས་ཀྱིས་སློབ་ན་མ་སོན་གོང་གི་སློབ་གསོ་ལ་རིན་པ་མི་དགོས་པ་བྱས་ཡོད། སློབ་ཡོན་དང་སློབ་དེབ་རིན་པ།ཟས་རིན་དང་གསོ་སྐྱོང་རིན་པ་སོགས་ཀྱི་རིན་པ་ཡོངས་རྫོགས་དེ་རྫོང་གི་ནོར་སྲིད་ཀྱིས་འགན་ཁུར་བ་རེད། ཉིང་ཞ་ཁུལ་ཧོ་ཀྲེང་རྫོང་དུ་མཐོ་རིམ་སློབ་འབྲིང་དང་སློབ་ན་མ་སོན་གོང་གི་སློབ་གསོ་ལ་རིན་པ་མི་དགོས་པར་རྫོང་ནོར་སྲིད་ཀྱིས་ལོ་རེར་སྒོར་ཁྲི1000བཏང་བ་རེད། ནོར་སྲིད་ཀྱིས་ཉིང་ཞ་ཧུའེ་རིགས་རང་སྐྱོང་ཁུལ་གྱི་སློབ་ན་མ་སོན་གོང་གི་སློབ་གསོ་ནས་མཐོ་རིམ་སློབ་འབྲིང་བར་གྱི་ལོ15ཡི་རིང་གི་རིན་པ་མི་དགོས་པའི་སློབ་གསོ་ལ་རྒྱབ་སྐྱོར་བྱས་ཏེ་ལེགས་འགྲུབ་བྱས་ཡོད་པ་རེད།
  • ལེ་ཚན་སྔོན་མ།: སྡེ་ཚན་གསུམ་གྱིས་མཉམ་འབྲེལ་བྱས་ནས་རྒན་གསོ་ལས་ཁུངས་ཀྱི་འགན་འཁྲི་ཉེན་འགོག་འགན་སྲུང་ལམ་ལུགས་འཛུགས་པར་ས
  • ལེ་ཚན་རྗེས་མ།:ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་ཤང་གྲོང་ངལ་རྩོལ་པ་མི་ཁྲི12.08གསོ་སྦྱོང་བྱེད་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།