ཀྲུང་གོ་བོད་ཀྱི་དྲ་བ། 2014-03-26
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཤུགས་ཆེན་པོས“རིག་གནས་དམངས་ཕན”བཟོ་འགོད་ལ་སྐུལ་འདེད་བཏང་སྟེ། མང་ཚོགས་ལ་རིག་གནས་བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་བྱེད་དུ་བཅུག
ཉེ་བའི་ལོ་འགའི་རིང་། མཚོ་ལྷོ་ཁུལ་གྱིས་རིགས་སོ་སོའི་ཆེད་དམིགས་མ་དངུལ་སྒོར་ཁྲི9090.57བཏང་ནས“མཚོ་ལྷོ་ཁུལ་གྱི་མི་རིགས་ལུས་རྩལ་ར་བ”དང“དཔེ་མཛོད་ཁང”། “རིག་གནས་སྨྱན་བྱེད་ལྟེ་གནས”སོགས་རིག་གནས་ལུས་རྩལ་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱས། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་མང་ཚོགས་སྒྱུ་རྩལ་ཁང་དང་རིག་གནས་ཁང་། ཤང་གྲོང་སོ་སོའི་ཕྱོགས་བསྡུས་རིག་གནས་ས་ཚིགས་བཅས་ལ་བརྟེན་ནས་སྐོར་བྲོ་དང་དམངས་གླུ། བོད་ཀྱི་བརྩེགས་དྲུབ། རྡོ་བརྐོས། དམངས་ཁྲོད་སྲོལ་རྒྱུན་མདའ་རྩལ་སོགས་ཀྱི་བྱ་འགུལ་སྣ་ཚོགས་སྤེལ་བ་དང་། ལུགས་རྙིང་དང་བོད་ལུགས་ལོ་སར་སྐབས་སུ་གཞི་རིམ་གྱི་ཤང་སྡེ་དང་གཞིས་ཁུལ་རྩ་འཛུགས་བྱས་ཏེ་ལྒང་ལི་དང་རྟ་རྒྱུག མདའ་འཕེན། ཐག་འཐེན་སོགས་མང་ཚོགས་རང་བཞིན་གྱི་ལུས་རྩལ་བྱ་འགུལ་སྤེལ། གུང་ཧི་རྫོང་གྲངས་ཉུང་མི་རིགས་ལ་གཞས་འགྲན་བསྡུར་དང་ཐུན་ཏེ་རྫོང་རྫོང་རི་རིག་གནས་སྒྱུ་རྩལ་དུས་ཆེན། ཀོས་ནན་རྫོང་བོད་ཀྱི་བརྩེགས་དྲུབ་མི་རིགས་རིག་གནས་སྒྱུ་རྩལ་དུས་ཆེན། ཞིན་ཧེ་རྫོང་དབྱར་རྩྭ་དགུན་འབུ་རིག་གནས་དུས་ཆེན་དང་ཁྲི་ཀ་རྫོང་གི་དྲུག་པའི་ཀླུ་རོལ་སོགས་རིག་རྩལ་བྱ་འགུལ་གྱིས་ཁྱད་ལྡན་རིག་གནས་འཕེལ་རྒྱས་སུ་བཏང་བའི་དུས་མཚུངས་སུ། ས་ཁུལ་སོ་སོའི་རིག་གནས་བརྗེ་རེས་ལ་ཤུགས་བསྣན་ནས“རིག་གནས་དམངས་ཕན”བཟོ་འགོད་མང་ཚོགས་ཀྱི་ཁྲོད་དུ་བསྐྱལ། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10