ཚྭ་འདམ་གཞོང་ནས་འཛམ་གླིང་སྙན་ངག་དུས་ཆེན་བསུ་བའི་སྙན་ངག་གྱེར་འདོན་འགྲན་སྡུར་གྱི་བྱ་འགུལ་སྤེལ།

    མཚོ་སྔོན་པོ་དྲ་བ།    2014-03-26

ཚྭ་འདམ་གཞོང་ནས་འཛམ་གླིང་སྙན་ངག་དུས་ཆེན་བསུ་བའི་སྙན་ངག་གྱེར་འདོན་འགྲན་སྡུར་གྱི་བྱ་འགུལ་སྤེལ།
ཚྭ་འདམ་གཞོང་ནས་འཛམ་གླིང་སྙན་ངག་དུས་ཆེན་བསུ་བའི་སྙན་ངག་གྱེར་འདོན་འགྲན་སྡུར་གྱི་བྱ་འགུལ་སྤེལ།
      ལོ་རེའི་སྤྱི་ཟླ3པའི་ཚེས21ཉིན་ནི་འཛམ་གླིང་སྙན་ངག་དུས་ཆེན་གྱི་ཉིན་མོ་ཡིན་ལ། དུས་ཆེན་འདི་ལ་བསུ་བ་བྱེད་ཆེད། མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་དང་ཁུལ་ཡུལ་སྐོར་ཅུའུ་གཉིས་ཀྱིས་གཙོ་སྒྲུབ་དང་། མཚོ་ནུབ་ཁུལ་རྩོམ་པ་པོའི་ལྷན་ཚོགས་དང་གཏེར་ལེན་ཁ་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་གཉིས་ཀྱིས་འགན་སྒྲུབ་བྱས་པའི་སྙན་ངག་གྱེར་འདོན་གྱི་འགྲན་ཚོགས་དེ་རྒྱའི་སྙན་ངག་པ་གྲགས་ཅན་ཧེ་ཙི་ཡི་སྙན་ངག་བཤམས་སྟོན་ཁང་ནས་སྤེལ།
      ཐེངས་འདིའི་སྙན་ངག་གྱེར་འདོན་ལ་གཏེར་ལེན་ཁའི་ས་ཁུལ་གྱི་སོག་པོ་དང་བོད་རིགས། རྒྱ་རིགས་བཅས་འགྲན་ཞུགས་མི་སྣ་ཉེར་གསུམ་ཞུགས་ཡོད་ལ། སྙན་ངག་འགྲན་སྡུར་ལ་ཐོག་མའི་འགྲན་སྡུར་དང་བསྐྱར་འགྲན་བརྒྱུད། ཨང་དང་པོ་གཅིག་དང་ཨང་གཉིས་པ་གཉིས། ཨང་གསུམ་པ་གསུམ། ཕུལ་བྱུང་བྱ་དགའ་བཅུ་བཅས་བདམས་ཐོན་བྱུང་།
      ཐེངས་འདིའི་སྙན་ངག་འགྲན་སྡུར་བརྒྱུད། འཛམ་གླིང་སྙན་ངག་དུས་ཆེན་ལ་བསུ་བ་བྱེད་པ་དང་ཆབས་ཅིག ས་གནས་ཀྱི་རྩོམ་རིག་ལ་དགའ་བའི་མི་སྣ་སྐོར་ཅིག་གི་སྙན་ངག་གྱེར་འདོན་བྱེད་པའི་འདུ་ཤེས་ཇེ་དྲག་དང་། མི་རྣམས་ལ་སྙན་ངག་ནི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངེས་ཤེས་ཟབ་མོ་ཞིག་སྦྱིན།
  • ལེ་ཚན་སྔོན་མ།:བོད་ཀྱི་ཐང་ག་དང་ཡིག་གཟུགས་འགྲེམ་སྟོན་པེ་ཅིང་དུ་བསྡུས་པ།
  • ལེ་ཚན་རྗེས་མ།:མཚོ་ལྷོ་ཁུལ་གྱིས་ཤུགས་ཆེན་པོས“རིག་གནས་དམངས་ཕན”བཟོ་འགོད་ལ་སྐུལ་འདེད་བཏང་བ།
  • དོ་སྣང་ཆེ་བའི་རྩོམ།