ཧུའུ་ཁྲང་ཧྲེང་བློ་སེམས་མཉམ་གཏད་ཀྱི་བྱེད་སྒོ་རུ་ཞུགས་ནས་གསུང་བཤད་གནང་།

སྐལ་ཐུབ་ཀྱིས་བསྒྱུར།        2014-03-25

 ཧུའུ་ཁྲང་ཧྲེང་བློ་སེམས་མཉམ་གཏད་ཀྱི་བྱེད་སྒོ་རུ་ཞུགས་ནས་གསུང་བཤད་གནང་།
ཟླ་བ3པའི་ཚེས15ཉིན་ནས་ཚེས16ཉིན་གྱི་བར།ཁུལ་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་དཀར་མཛེས་རྫོང་གི་བེ་རི་དགོན་པ་དང་བྲག་ལྷ་དགོན།བྲག་འགོ་རྫོང་གི་ཧོར་བྲག་འགོ་དགོན།དར་མདོའི་རྫོང་གི་བཀྲ་ཤིས་དགོན་བཅས་སུ་བློ་སེམས་མཉམ་གཏད་ཀྱི་བྱེད་སྒོ་སྤེལ་བ་རེད།ཁོང་གིས་ནན་གསུང་གནང་རྒྱུར།ཁུལ་ཡོངས་ཀྱི་ཆོས་ལུགས་མི་སྣས་མུ་མཐུད་ནས་རྒྱལ་གཅེས་ཆོས་གཅེས་དང་སྡོམ་སྲུང་ཁྲིམས་སྲུང་། སློབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཤེས་རྒྱ་ཇེ་ཆེར་བཏང་ནས་ཆོས་དད་མང་ཚོགས་ཀྱིས་ཡིད་ཆེས་བྱེད་པའི་སྐྱེས་ཆེན་དམ་པར་འཚར་ལོངས་འབྱུང་གང་ཐུབ་བྱས་ཏེ་ཁུལ་ཡོངས་བདེ་ལྡན་འཆམ་མཐུན་ཡོང་བར་བྱས་རྗེས་འཇོག་དགོས།
    ཧུའུ་ཁྲང་ཧྲེང་གིས་བསྟན་དོན། དགོན་པ་ནི་སྤྱི་ཚོགས་ཀྱི་རྩ་བའི་གྲུབ་ཆ་ཡིན་ཞིང་།རྒྱ་ཆེ་བའི་གྲྭ་བཙུན་ནི་སྤྱི་དམངས་དཀྱུས་མ་དང་གཞི་རྩའི་མང་ཚོགས་ཤིག་ཡིན་ཕྱིར། རང་རྟོགས་ཀྱིས་ས་གནས་དེ་གའི་ཏང་ཨུ་དང་སྲིད་གཞུང་གིས་བཅའ་ཁྲིམས་ལྟར་དོ་དམ་བྱེདཔར་དང་ལེན་ཞུས་དགོས། ཁྲིམས་སྐྱོང་གི་དཀར་མཛེས་ཁུལ་འཛུགས་སྐྲུན་བྱེད་པའི་ལོའི་ལས་ཀ་སོ་སོ་བཀོད་སྒྲིག་བྱས་པར་གཞིགས་ནས་བཅའ་ཁྲིམས་ལྟར་ཆོས་ལུགས་ལས་དོན་གྱི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཏིང་ཟབ་པོས《དཀར་མཛེས་ཁུལ་གྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ལས་དོན་ཁྲིམས་སྲོལ་ལག་བསྟར་ཕྲ་ཞིབ》ལག་ལེན་དོན་འཁྱོལ་བྱས་ཏེ།ནུས་ཤུགས་ཡོད་རྒུས་བོད་བརྒྱུད་ནང་བསྟན་ཆོས་ལུགས་དགོན་པའི་དོ་དམ་ཐད་ཡུན་རིང་ཕན་པའི་ནང་རྐྱེན་འཛུགས་རྒྱུར་སྐུལ་འདེད་བཏང་ནས་བཅའ་ཁྲིམས་ལྟར་དགོན་པ་སྐྱོང་བ་དང་དགོན་པ་དོ་དམ་ཚད་ལྡན་བྱ་རྒྱུར་སྐུལ་སྤེལ་གཏོང་དགོས། དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གིས་སྔར་ལྷག་གིས་སྒྲིག་སྲོལ་ལམ་ལུགས་འཛུགས་པ་དང་དེ་འཐུས་སྒོ་ཚང་དུ་བཏང་ནས་ལམ་ལུགས་ཀྱིས་མི་དོ་དམ་བྱ་རྒྱུ་དང་ལས་ཀ་བསྒྲུབས་ཏེ་བོད་བརྒྱུད་ནང་བསྟན་ཆོས་ལུགས་དགོན་པ་དོ་དམ་བྱེད་ཐུབ་པ་དང་། དོ་དམ་དོན་ལ་གནས་པ། དོ་དམ་ཡག་པོ་བྱེད་ཐུབ་པའི་རྣམ་མངོན་འགྱུར་བྱེད་དགོས། མུ་མཐུད་ནས་བློ་སེམས་མཉམ་གཏད་ཀྱི་བྱེད་སྒོ་ཟབ་ཏུ་སྤེལ་ནས་སྔར་ལྷག་གིས་ཆོས་ལུགས་ལས་རིགས་མི་སྣར་སེམས་ཁུར་དང་གཅེས་སྐྱོང་བྱེད་ཤུགས་ཇེ་ཆེར་བཏང་ནས་དངོས་གནས་ཀྱིས་ཁོ་ཚོར་སེམས་ཁྲལ་དང་དཀའ་ངལ་སེལ་དགོས། དགོན་པ་ཆེན་པོ་མི་དགོས་ཤིང་གནད་འགག་གི་གྲྭ་བཙུན་རེད། དགོན་པས་གཞི་ཁྱོན་ཚོད་འཛིན་ནན་པོར་བྱས་ཤིང་ཤེས་རྒྱ་ཆེ་བའི་བླ་ཆེན་མང་པོ་གསོ་སྐྱོང་བྱེད་དགོས།

  • ལེ་ཚན་སྔོན་མ།:ཆེས་འགྲན་རྩོད་ཀྱི་རང་བཞིན་ལྡན་པའི་ཁྲོན་བོད་གློག་དྲ་སྦྲེལ་བའི་ཨར་ལས་ལས་འགོ་ཚུགས།
  • ལེ་ཚན་རྗེས་མ།:བོད་ཀྱི་ཐང་ག་དང་ཡིག་གཟུགས་འགྲེམ་སྟོན་པེ་ཅིང་དུ་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།