ཆེས་འགྲན་རྩོད་ཀྱི་རང་བཞིན་ལྡན་པའི་ཁྲོན་བོད་གློག་དྲ་སྦྲེལ་བའི་ཨར་ལས་ལས་འགོ་ཚུགས།

སྐལ་ཐུབ་ཀྱིས་བསྒྱུར།        2014-03-25

ཟླ་བ3པའི་ཚེས18ཉིན། འཛམ་གླིང་ན་ཆེས་འགྲན་རྩོད་རང་བཞིན་ལྡན་པའི་གློག་སྒྱུར་གློག་འདྲེན་གྱི་ཨར་ལས་སྟེ་ཁྲོན་བོད་གློག་དྲ་སྦྲེལ་བའི་ཨར་ལས་ལས་འགོ་ཚུགས་པ་རེད། འདི་ནི་མཚོ་བོད་གློག་དྲ་སྦྲེལ་བའི་ཨར་ལས་ཀྱི་རྗེས་སུ་སླར་ཡང་གྲང་ངར་ཆེ་ཞིང་ས་ཁ་མཐོ་བའི་ས་ཁུལ་དུ་བརྒྱུད་པའི་གློག་སྒྱུར་གློག་འདྲེན་གྱི་ཨར་ལས་གལ་ཆེན་ཞིག་ཡིན་པ་རེད། མིག་སྔར་གློག་ཤུགས་འཛུགས་སྐྲུན་པ་ཁྲི2ལྷག་སྦྲེལ་མཐུད་དུ་ལས་ཡུལ་དངོས་སུ་སྐྱོད་ནས་ཨར་ལས་འཛུགས་སྐྲུན་གྱི་གྲ་སྒྲིག་ལས་ཀ་བསྒྲུབས་ཚར་བ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། ཨར་ལས་འདི་ལ་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར66.3གཏོང་རྒྱུ་ཡིན་ཞིང་བོད་ལྗོངས་ཆབ་མདོའི་གློག་དྲ་དང་སི་ཁྲོན་གློག་དྲ་སྦྲེལ་མཐུད་བྱ་རྒྱུ་ཡིན་ལ་ཨར་ལས་རྣམ་གྲངས་ཀྱི་ནང་དོན་ཐད་ཕྱག་ཕྲེང་ནས་འབའ་ཐང་དང་ཆབ་མདོའི་བར་གྱི་སྟོང་ཧྥུ500ཅན་གྱི་སྐུད་ལམ་སྤྱི་ལེ1009.2གསར་སྐྲུན་བྱ་རྒྱུ་དང་། ཆབ་མདོ་ནས་གཡུ་ལུང་། ཆབ་མདོ་ནས་སྤང་མདའ་བར་གྱི་སྟོང་ཧྥུ220ཅན་གྱི་སྐུད་ལམ་སྤྱི་ལེ512གསར་སྐྲུན་བྱ་རྒྱུ་དང་། འབའ་ཐང་དང་ཆབ་མདོའི་སྟོང་ཧྥུ500ཅན་གྱི་གློག་སྒྱུར་གློག་འདྲེན་ས་ཚུགས2དང་སྤང་མདའ་དང་གཡུ་ལུང་གི་སྟོང་ཧྥུ220ཅན་གྱི་གློག་སྒྱུར་གློག་འདྲེན་ས་ཚུགས2བཅས་གསར་སྐྲུན་བྱ་རྒྱུ་རེད།
    ཁྲོན་བོད་གློག་དྲ་སྦྲེལ་བའི་ཨར་ལས་ཀྱིས་བོད་ལྗོངས་ཆབ་མདོ་དང་སི་ཁྲོན་དཀར་མཛེས་ཁུལ་གྱི་ལྷོ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་གློག་སྤྱོད་པའི་དགོས་མཁོ་སྐོང་ཐུབ་པས་མ་ཚད་ཆུ་གློག་གིས་མི་འདང་དང་གློག་མེད་པའི་གནད་དོན་ཐག་གཅོད་བྱེད་ཐུབ་པ་རེད།
  • ལེ་ཚན་སྔོན་མ།:མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱེད་པ།
  • ལེ་ཚན་རྗེས་མ།:ཧུའུ་ཁྲང་ཧྲེང་བློ་སེམས་མཉམ་གཏད་ཀྱི་བྱེད་སྒོ་རུ་ཞུགས་ནས་གསུང་བཤད་གནང་།
  • དོ་སྣང་ཆེ་བའི་རྩོམ།