ཀྲུང་གོའི་མི་རིགས་རླུང་འཕྲིན། 2014-03-20
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་བོད་ལྗོངས་འཐུས་མི་ཚོགས་པས་སྤྱི་ཚེས་༡༧ཉིན་ནས་༡༨ཉིན་བར་ཕོ་ལན་རྒྱལ་ཁབ་ལ་འཚམས་འདྲི་ཞུས་པ་དང་། ཕོ་ལན་གྱི་གྲོས་ཚོགས་སྨད་པའི་གྲོས་དཔོན་གཞོན་པ་དབོན་ཏེ་ལི་དང་ཕོ་ཀྲུང་གྲོས་མིའི་མཛའ་གྲོགས་ཚོ་ཆུང་གི་ཀྲུའི་ཞི་ཁ་ཅོར། གྲོས་ཚོགས་སྨད་པའི་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དབྱི་ཝུན་སི་ཅི། གྲངས་ཉུང་མི་རིགས་ཨུ་ཡོན་ལྷནཁང་གི་ཀྲུའུ་ཞི་གཞོན་པ་ཇའོ་ཁེ་ཝུན་དང་ཕེ་ཡེ་ཐེ་ལ་ཧྲེ་ཧྥུའུ་སི་ཁ་སོགས་སྲིད་ཕྱོགས་ཀྱི་དཔོན་རིགས་ཆེ་གྲས་དང་གྲོས་མོལ་བྱས་ཡོད་པ་རེད།
ཕོ་ལན་ཕྱོགས་ནས་ད་རེས་འཚམས་འདྲི་བྱས་པ་དེས་ཕོ་ལན་སྤྱི་ཚོགས་ལས་རིགས་ཁག་གིས་བོད་ལྗོངས་ཀྱི་གནས་ཚུལ་ལ་ཤེས་རྟོགས་ཟབ་ཏུ་འགྲོ་རྒྱུར་ཡིད་ཆེས་ཡོད་པའི་རྣམ་པ་བསྟན་ཡོད་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10