ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་མེ་འཁོར་ད་ལོའི་ཟླ་དགུ་བར་ཤར་གཏོང་ཐུབ་རྒྱུ་རེད།
ཀྲུང་གོའི་བོད་ལྗོངས་དྲ་བ། 2014-03-14
ཟླ༣པའི་ཚེས༨ཉིན་གསར་འགོད་པས་བོད་ལྗོངས་ལྷ་ས་ནས་གཞིས་རྩེའི་བར་གྱི་ལྕགས་ལམ་འཛུགས་སྐྲུན་བཀོད་འདོམས་པུའུ་ནས་རྒྱུས་ལོན་པ་ལྟར་ན། ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་གྱི་བཟོ་སྐྲུན་གཙོ་བོའི་འཛུགས་སྐྲུན་ལེགས་འགྲུབ་བྱུང་ཞིང་། ཕྱིས་འབྱུང་གི་ལས་ཀ་གཙོ་བོ་དེ་ནི་མེ་འཁོར་ས་ཚིགས་ཀྱི་སྡོད་ཁང་འཛུགས་སྐྲུན་དང་། བྱེ་འགོག ལྗང་སྒྱུར་བཅས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་རྒྱུ་དེ་རེད། འཆར་གཞི་ལྟར་ན། ད་ལོའི་ཟླ༥བར་ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་ལ་ལམ་ལྕགས་འདིང་བའི་ལས་གཞི་ལས་ཚར་རྒྱུ་དང་། ཟླ་དྲུག་པར་མེ་འཁོར་ས་ཚིགས་ཀྱི་སྡོད་ཁང་འཛུགས་སྐྲུན་བྱེད་ཚར་རྒྱུ། ཟླ་བདུན་པ་དང་ཟླ་བརྒྱད་པའི་ནང་ཞིབ་བཤེར་རྩིས་ལེན་བྱེད་རྒྱུ་ཡིན་པས། ད་ལོའི་ཟླ་དགུ་བར་མེ་འཁོར་དངོས་སུ་ཤར་གཏོང་ཐུབ་རྒྱུ་རེད།