ཀན་སུའུ་ཞིང་ཆེན་གྱི་སུའུ་ལྷོ་རྫོང་ནི་རྨ་ནུབ་དོག་ལམ་གྱི་དཀྱིལ་རྒྱུད་དང་ཆིན་ལེན་ཧྲན་རི་བོའི་བྱང་རྒྱུད་དུ་ཆགས་ཡོད། དེར་ཡུས་ཀུའུ་རིགས་དང་། བོད་རིགས། རྒྱ་རིགས། སོག་རིགས། ཧོར་རིགས་སོགས་ཀྱི་མི་རིགས་འདུས་སྡོད་བྱས་ནས་ཡོད། རྫོང་དེའི་འབྲོག་ཁུལ་གྱི་མི་གྲངས་ཐར་ཐོར་གནས་ཡོད་པས་འགྲིལ་འགྲུལ་སྟབས་མི་བདེ་བ། འབྲོག་ཁུལ་མང་ཚོགས་ཀྱི་གཉེན་སྒྲིག་པ་དང་དཔལ་འབྱོར་ཐད་ཀྱི་བཅའ་ཁྲིམས་སྐོར་གྱི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་ཆེད། 2006ལོའི་ཟླ་བ་དང་པོ་ནས་བཟུང་། སུའུ་ལྷོ་རྫོང་ཁྲིམས་ཁང་གིས་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ8དུ་སྐོར་སྐྱོད་ཀྱི་ཞིབ་གཅོད་ལས་ཀ་སྤེལ་ས་དང་དམངས་བདེའི་ཞབས་ཞུ་ལྟེ་གནས3བཙུགས་ཏེ། འབྲོག་ཁུལ་ལ་ཁྲིམས་སྲོལ་དྲིལ་བསྒྲགས་དང་། ལམ་སྟོན་སློབ་ཁྲིད། བར་འདུམ་སོགས་ཀྱི་ལས་ཀ་ཧུར་ཐག་སྤེལ་ཡོད་པས། འབྲོག་ཁུལ་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ།