མངའ་རིས་ས་ཁུལ་གྱིས་གྲོང་ཚོར་བཅའ་སྡོད་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ།

    བོད་ལྗོངས་འཕྲིན་དྲ    2014-03-10

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། མངའ་རིས་ས་ཁུལ་གྱིས་ས་ཁུལ་རིམ་པའི་འགོ་ཁྲིད7རྫོང་ཁག་ལ་གྲོང་ཚོར་བཅའ་སྡོད་ཀྱི་རུ་སྣེ་འཁྲིད་མཁན་ལ་འདེམས་གཏོང་བྱས་པ་དང་། རྫོང་དེ་གར་ཡོད་པའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ལས་དོན་ལ་སྐུལ་འདེད་དང་མཛུབ་ཁྲིད་བྱེད་པའི་འགན་འཁྲི་ཁྱོན་ཡོངས་ནས་འཁུར་ཏེ། རྨང་བརྟན་དམངས་ཕན་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ཡོད་པ་རེད།
 ཤེས་རྟོགས་བྱུང་བར་གཞིགས་ན། བཅའ་སྡོད་བྱས་རྗེས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གི་རུ་སྣེ་འཁྲིད་མཁན་གྱིས། གྲོང་ཚོར་བཅའ་སྡོད་ལས་དོན་གྱི་ལས་འགན་ཁག་དང་དམངས་ལ་དངོས་དོན་གཉེར་བ་དང་སྤྱོད་གཙང་བྱེད་པའི་བླང་བྱར་དམ་པོར་དམིགས་ནས། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་དང་མཉམ་བཟའ་མཉམ་སྡོད་དང་། མཉམ་དུ་ངལ་རྩོལ། མཉམ་དུ་སློབ་སྦྱོང་བཅས་བྱས་ནས་ཞིང་འབྲོག་ཁུལ་གྱི་བརྟན་ལྷིང་དང་འཕེལ་རྒྱས་ཐད་ཐབས་ཇུས་འདོན་རྒྱུ་རེད།  །

  • ལེ་ཚན་སྔོན་མ།:ཀྲུང་དབྱང་དངུལ་ཁང་གིས་སླར་ཡང་ཞིང་ལས་ལ་རོགས་སྐྱོར་བྱེད་པའི་དངུལ་བུན་སྒོར་དུང་ཕྱུར200འཕར་སྣོན་བྱས་ཏེ་ད
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱིས“གསུམ་བརྒྱད”བུད་མེད་དུས་ཆེན་ལོ་ངོ104འཁོར་བར་དྲན་གསོའི་གཟེངས་བསྟོད་ཚོགས་ཆེན་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།