ཀྲུང་དབྱང་དངུལ་ཁང་གིས་སླར་ཡང་ཞིང་ལས་ལ་རོགས་སྐྱོར་བྱེད་པའི་དངུལ་བུན་སྒོར་དུང་ཕྱུར200འཕར་སྣོན་བྱས་ཏེ་དཔྱིད་རྨོ་གྲ་སྒྲིག་ལ་རྒྱབ་སྐྱོར་བྱས།

མིག་དམར་གྱིས་བསྒྱུར།        2014-03-10

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་བ3པའི་ཚེས5ཉིན་འབྱོར་བའི་གཏམ་གསར། གོང་ཚེས་ཉིན་ཀྲུང་གོ་མི་དམངས་དངུལ་ཁང་གིས་བཤད་རྒྱུར། དངུལ་རྩ་ལས་ཁུངས་ཀྱིས་དཔྱིད་རྨོ་ཐོན་སྐྱེད་ཀྱི་གྲ་སྒྲིག་ལས་ཀར་དངུལ་རྩ་ཞབས་ཞུའི་ལས་ཀར་རྒྱབ་སྐྱོར་བྱེད་ཆེད། ཉེ་ཆར་མི་དམངས་དངུལ་ཁང་གིས་ཞིང་ཆེན་འགར་(རང་སྐྱོངས་ལྗོངས་དང་གྲོང་ཁྱེར)ཞིང་ལས་ལ་རོགས་སྐྱོར་བྱེད་པའི་དངུལ་བུན་སྒོར་དུང་ཕྱུར200འཕར་སྣོན་བྱས་པ་རེད།
    2013ལོ་ནས་བཟུང་། མི་དམངས་དངུལ་ཁང་གིས་མུ་མཐུད་ནས་ཧུར་ཐག་གིས་སླར་ཡང་ཞིང་ལས་ལ་རོགས་སྐྱོར་བྱེད་པའི་དངུལ་བུན་གཏོང་བའི་སྲིད་ཇུས་སྤྱད་དེ་དངུལ་རྩ་ལས་ཁུངས་ཀྱིས་ཞིང་ལས་ལ་གཏོགས་པའི་དངུལ་བུན་གཏོང་ཤུགས་ཆེ་རུ་བཏང་ཡོད། གྲངས་ཀའི་ཐོག་ནས་མངོན་པ་ལྟར་ན། 2013ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་སུ་ཞིང་ལས་ལ་རོགས་སྐྱོར་བྱེད་པའི་དངུལ་བུན་གཏོང་སྒོར་དུང་ཕྱུར2389བཏང་ནས་ལྷག་དངུལ་སྒོར་དུང་ཕྱུར1684ཡོད་པས་ལོ་འགོ་དང་བསྡུར་ན་སྒོར་དུང་ཕྱུར308འཕར་ཡོད། ལོ་དེར་སླར་ཡང་ཞིང་ལས་ལ་རོགས་སྐྱོར་བྱེད་པའི་དངུལ་བུན་རིམ་བསགས་ཀྱིས་བརྩིས་ན་ཁྱོན་བསྡོམས་སྒོར་དུང་ཕྱུར2503བཏང་ཡོད་པས་ལོ་སྔོན་མའི་དུས་མཉམ་དང་བསྡུར་ན་སྒོར་དུང་ཕྱུར413འཕར་བ་རེད། ས་ཁུལ་བགོས་པ་ལ་བལྟས་ན་ནུབ་རྒྱུད་ས་ཁུལ་དང་འབྲུ་རིགས་ཐོན་ཁུངས་གཙོ་བོར་སླར་ཡང་ཞིང་ལས་ལ་རོགས་སྐྱོར་བྱེད་པའི་དངུལ་བུན་གཏོང་ཚད་དང་དངུལ་ལྷག་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་བསྡུར་ཚད་ལས་བརྒྱ་ཆ90བརྒལ་བ་རེད། སླར་ཡང་ཞིང་ལས་ལ་རོགས་སྐྱོར་བྱེད་པའི་དངུལ་བུན་རྒྱབ་སྐྱོར་བྱས་པའི་དངུལ་རྩ་ལས་ཁུངས་ཀྱིས་ཞིང་ལས་ལ་གཏོགས་པའི་དངུལ་བུན་བཏང་བར་ཕན་འབྲས་མངོན་གསལ་ཐོབ་ཅིང་། 2013ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་ཀྱི་ཞིང་པའི་དངུལ་རྩ་ལས་ཁུངས་ཀྱིས་ཞིང་ལས་ལ་དངུལ་བུན་བཏང་བའི་མ་དངུལ་སྒོར་དུང་ཕྱུར6.2ཡོད་པས་ལོ་སྔོན་མའི་དུས་མཉམ་དང་བསྡུར་ན་བརྒྱ་ཆ16.4འཕར་བ་དང་། དུས་མཉམ་གྱི་དངུལ་བུན་སོ་སོ་འཕར་ཚད་ལས་བརྒྱ་ཆའི་གྲངས་ཀ2.3མཐོ་བ་རེད། 
  • ལེ་ཚན་སྔོན་མ།:ལྷ་སའི་ཆུ་ཤུར་རྫོང་གི་བོད་རིགས་མང་ཚོགས་ཀྱིས་ཞིང་རྨོ་འགོ་བརྩམས་པ།
  • ལེ་ཚན་རྗེས་མ།:མངའ་རིས་ས་ཁུལ་གྱིས་གྲོང་ཚོར་བཅའ་སྡོད་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ།
  • དོ་སྣང་ཆེ་བའི་རྩོམ།