ཉིང་ཁྲི་ས་ཁུལ་གྱིས2014ལོའི་བོད་ལུགས་ལོ་སར་གྱི་རིག་རྩལ་འཁྲབ་སྟོན་སྤེལ་བ།

    ཞིན་ཧྭ་དྲ་བ།    2014-03-03

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས25ཉིན་གྱི་སྔ་དྲོ། བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱི་ས་གནས་ཨུ་ཡོན་ལྷན་ཁང་དང་། ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡིས་གཙོ་སྒྲུབ་བྱས་པའི2014ལོའི་བོད་ལུགས་ལོ་སར་གྱི་རིག་རྩལ་འཁྲབ་སྟོན་དེ་ཉིང་ཁྲི་ས་ཁུལ་གྱི་ཞ་མིན་ཐང་ཆེན་ནས་སྤེལ་བ་རེད།

བྱ་འགུལ་སྤེལ་སའི་ཡུལ་དངོས་ནས། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རོལ་དབྱངས་གྲགས་པ་དང་མཉམ་དུ། སྒེར་གླུ་དང་། རྡུང་ལེན། མི་རིགས་ཀྱི་ཞབས་བྲོ་སོགས་བརྗོད་སྙིང་ཕུན་སུམ་ཚོགས་ཤིང་། རྣམ་པ་སྣ་མང་ཅན་གྱི་རིག་རྩལ་ལེ་ཚན་གོ་རིམ་བཞིན་འཁྲབ་སྟོན་བྱེད་འགོ་བརྩམས། ས་ཁུལ་གྱི་མི་རིགས་སྒྱུ་རྩལ་ཚོགས་པ་དང་ཉིང་ཁྲི་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་མི་སྣས་དུས་ཆེན་གྱི་རྒྱན་གོས་གྱོན་ཏེ། ས་གནས་དེའི་མང་ཚོགས་རྣམས་ལ་ཕུན་སུམ་ཚོགས་པའི་རིག་རྩལ་ལེ་ཚན་སྤྱན་ལམ་དུ་འབུལ་བ་རེད།  །

  • ལེ་ཚན་སྔོན་མ།:《རྒྱ་བོད་ཤན་སྦྱར་ཐ་སྙད་གསར་བསྒྲིགས》པར་བསྐྲུན་འགྲེམ་སྤེལ་བྱས་པ།
  • ལེ་ཚན་རྗེས་མ།:ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་དེ«ལྷོ་ཆུ་བྱང་འདྲེན་བཟོ་སྐྲུན་གྱི་ཆུ་མཁ
  • དོ་སྣང་ཆེ་བའི་རྩོམ།