《རྒྱ་བོད་ཤན་སྦྱར་ཐ་སྙད་གསར་བསྒྲིགས》པར་བསྐྲུན་འགྲེམ་སྤེལ་བྱས་པ།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2014-03-03

《རྒྱ་བོད་ཤན་སྦྱར་ཐ་སྙད་གསར་བསྒྲིགས》པར་བསྐྲུན་འགྲེམ་སྤེལ་བྱས་པ།

      ཉེ་ལམ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས《རྒྱ་བོད་ཤན་སྦྱར་ཐ་སྙད་གསར་བསྒྲིགས》པར་བསྐྲུན་འགྲེམ་སྤེལ་བྱས།
      དཔེ་ཆ་འདི་ནི་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་རང་སྐྱོང་ལྗོངས་སྒྱུར་སྒྲིག་ཅུའུ། རང་སྐྱོང་ལྗོངས་བརྡ་ཆད་གསར་བའི་བོད་ཡིག་ལོ་ཙཱ་ཚད་འཛིན་ཨུ་ཡོན་ལྷན་ཚོགས་སོགས་ཀྱིས་འཚོལ་སྡུད་དང་ལེགས་སྒྲིག་གནང་བ་དང་། བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་སོགས་ཀྱིས་སྔ་གཞུག་ཏུ《རྒྱ་བོད་ཤན་སྦྱར་གསོ་རིག་ཚིག་མཛོད》དང་། 《རྒྱ་བོད་ཤན་སྦྱར་སྦྲག་སྲིད་ཚིག་མཛོད》། 《རྒྱ་བོད་ཤན་སྦྱར་ཁྲིམས་ལུགས་ཚིག་མཛོད》སོགས་ལས་རིགས་རང་བཞིན་གྱི་རྒྱ་བོད་ཤན་སྦྱར་བརྡ་ཆད་ཚད་ལྡན་ཚིག་མཛོད་བཤེར་འབེབས་བྱས་ལ། འདིས་བོད་སྐད་ཡིག་ཚད་ལྡན་ཅན་དུ་གཏོང་བར་ནུས་ཤུགས་ཆེན་པོ་ཐོན།
      དེབ་འདིའི་ནང་དུ་བོད་ལྗོངས་ས་ཁུལ་སོ་སོའི་ས་མིང་དང་རྩིས་འཁོར་གྱི་ཐ་སྙད། གསོ་རིག་ཐ་སྙད། གཞུང་ཡིག་ཐ་སྙད། ཚན་རྩལ་ཐ་སྙད་སོགས་ཆེད་ལས་རང་བཞིན་གྱི་བརྡ་ཆད་དག་བསྡུས་ཡོད།

《རྒྱ་བོད་ཤན་སྦྱར་ཐ་སྙད་གསར་བསྒྲིགས》པར་བསྐྲུན་འགྲེམ་སྤེལ་བྱས་པ།

  • ལེ་ཚན་སྔོན་མ།:ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ།
  • ལེ་ཚན་རྗེས་མ།:ཉིང་ཁྲི་ས་ཁུལ་གྱིས2014ལོའི་བོད་ལུགས་ལོ་སར་གྱི་རིག་རྩལ་འཁྲབ་སྟོན་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།