མཚོ་སྔོན་བོད་སྐད་རླུང་འཕྲིན། 2014-01-24
རྒྱལ་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གྲོས་ཚོགས་ཚེས21དང22ཉིན་གཉིས་ལ་པེ་ཅིན་ནས་ཚོགས།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྲོས་ཚོགས་ལ་ཞུགས་ཏེ་གསུངས་བཤད་གནང་།ཁོང་གིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་ནན་མོ་བྱེད་དགོས་པ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ།ཏང་གིས་ཏང་ལ་དོ་དམ་བྱེད་པ་དང་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།རྩ་འཛུགས་འཐབ་ཕྱོགས་ཀྱི་བྱ་བ་སྣ་ཚོགས་ནན་ཏན་སྒོས་བསྒྲུབ་ནས།བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་བདེ་བླག་སྒོས་འཕེལ་རྒྱས་སུ་གཏོང་བར་སྟོབས་དང་ལྡན་པའི་རྩ་འཛུགས་ཀྱི་ཁག་ཐེག་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན།
ལིག་ཡུན་ཧྲན་གྱིས་གསུངས་རྒྱུར།རྩ་འཛུགས་ལས་ཁུངས་ནི་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་འགན་ནུས་ལས་ཁུངས་ཡིན་པས།ཚད་གཞི་མཐོན་པོ་བཅངས་ནས་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་པ་དང་མིག་དཔེ་སྟོན་པའི་ཏང་གི་བྱ་བའི་ལས་ཁུངས་བཟང་བོ་ཞིག་བྱེད་དགོས།རྩ་འཛུགས་བྱ་བ་སྒྲུབ་པའི་ལས་བྱེད་པས་ཏང་དང་མི་དམངས་ཀྱི་འགན་འཁྲི་ཆེན་པོ་དང་དུ་བླངས་ཡོད་པས།ཆབ་སྲིད་ཀྱི་ཁ་ཕྱོགས་གསལ་བོ་ཡིན་དགོས་པ་དང་འདྲ་མཉམ་དྲང་བདེན་དང་སྒྲིག་ཁྲིམས་ནན་མོར་སྲུང་བ་རྒྱུན་འཁྱོངས་བྱས་ནས།དཔེ་སྟོན་གྱི་ཏང་ཡོན་ལས་བྱེད་པ་བཟང་བོ་ཞིག་བྱེད་དགོས་ཟེར།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན།ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ལི་ཅི་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10