2013ལོའི་ཟླ་བ10པའི་ཟླ་མཇུག་བར་འཚོ་བཅུད་ལེགས་བཅོས་འཆར་གཞིས་སློབ་མ་ཁྲི2240ལ་ཕན་པ་ཐོབ།
ཀུན་དགས་བསྒྱུར། 2014-01-23
སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། 2011ལོའི་སྟོན་དུས་སློབ་དུས་ནས་བཟུང་།རྒྱལ་ཁབ་ཀྱིས་ཡུག་གཅིག་ཏུ་འབྲེལ་བའི་དབུལ་ཕོངས་ས་ཁུལ་དུ་ཞིང་སྡེའི་འོས་འགན་སློབ་གསོའི་དུས་རིམ་སློབ་མའི་འཚོ་བཅུད་ལེགས་བཅོས་འཆར་གཞི་སྤེལ་ཏེ2013ལོའི་ཟླ་བ10པའི་ཟླ་མཇུག་བར། རྒྱལ་ཡོངས་ཀྱི་ཚོད་ལྟ་བྱེད་སའི་ཞིང་ཆེན22ཀྱི་རྒྱལ་ཁབ་ཀྱི་ཚོད་ལྟ་བྱེད་སའི་རྫོང699(དེའི་ནང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་ཀྱི་ཚོགས་པ19འདུས། )ཡི་སློབ་གྲྭ་ཁྲི10ཉེ་བ་ཞིག་ལ་ཁྱོན་ཡོངས་ནས་ཟ་ཁང་བཙུགས་ཡོད་པས་ཕན་པ་ཐོབ་པའི་སློབ་མ་ཁྲི2244ལ་སླེབས་པ་རེད། དེ་མིན། ཞིང་ཆེན19ཡི་རྫོང་ཁག529གིས་ད་རུང་་ས་གནས་རང་བཞིན་གྱི་ཚོད་ལྟ་ལས་ཀ་སྤེལ་ཏེ་སློབ་གྲྭ་ཁྲི4ལ་ཁེབས་པ་དང་ཕན་པ་ཐོབ་པའི་སློབ་མ་ཁྲི1000ལ་སླེབས་པ་རེད། རྒྱལ་ཡོངས་ཀྱི་གསུམ་ཆ་གཅིག་ལས་བརྒལ་བའི་རྫོང་གིས་སློབ་མའི་འཚོ་བཅུད་ལེགས་བཅོས་འཆར་གཞི་ལག་བསྟར་བྱས་པ་དང་བཞི་ཆ་གཅིག་ལས་བརྒལ་བ་ཞིག་གིས་ཞིང་སྡེའི་འོས་འགན་སློབ་གསོ་དུས་རིམ་གྱི་སློབ་མར་འཚོ་བཅུད་ལེགས་བཅོས་བྱེད་པའི་ཁ་གསབ་སྲིད་ཇུས་ལོངས་སུ་སྤྱོད་ཐུབ་ཡོད་པ་རེད།
2013ལོའི་ཟླ་བ12བར། ཀྲུང་དབྱང་ནོར་སྲིད་ཀྱིས་རིམ་བསགས་བཀོད་སྒྲིག་ལྟར་འཚོ་བཅུད་བཟའ་བཅའ་ཁ་གསབ་རོགས་དངུལ་དང་། “ཁ་གསབ་བྱ་རྒྱུ་གཅིག”﹙ཁྱིམ་ཚང་གི་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་རྒྱུན་སྡོད་སློབ་མའི་འཚོ་བའི་ཁ་གསབ་རོགས་དངུལ﹚དང་། ས་གནས་ཀྱི་ཚོད་ལྟ་བྱེད་སའི་བྱ་དགའི་ཁ་གསབ་མ་དངུལ་བཅས་ཁྱོན་བསྡོམས་སྒོར་དུང་ཕྱུར520བཏང་ཡོད། ཞིང་སྡེ་སློབ་གྲྭའི་ཟ་འཐུང་ཆ་རྐྱེན་ལེགས་བཅོས་བྱེད་ཆེད། ཀྲུང་དབྱང་ནོར་སྲིད་ཀྱིས་ད་རུང་ཆེད་ལས་རྣམ་གྲངས་ཀྱི་མ་དངུལ་སྒོར་དུང་ཕྱུར300བཀོད་སྒྲིག་བྱས་ཏེ་གཙོ་བོ་རྒྱལ་ཁབ་ཀྱི་ཚོད་ལྟ་བྱེད་སའི་ས་ཁུལ་གྱི་ཞིང་སྡེ་སློབ་གྲྭའི་ཟ་ཁང་འཛུགས་སྐྲུན་བྱེད་པར་སྤྱོད་རྒྱུ་རེད།