༼ཨ་མའི་སྦྲག་འབོག༽འགྲེམ་གཏོང་བྱས་ཏེ་མཐོ་སྒང་དབུལ་ཕོངས་ཨ་མའི་སེམས་སུ་བདེ་དྲོད་སྟེར།

        2014-01-21

    ཟླ་བ1ཚེས16ཉིན། “སྐྱིད་སྣང་ཁྱིམ་དུ་ཁྱེར་ཏེ་ཨ་མའི་སྦྲག་འབོག་དེ་དབུལ་ཕོངས་ཨ་མར་ལོ་གསར་གྱི་ལེགས་སྐྱེས་སུ་འབུལ”ཞེས་པའི་འགྲེམ་གཏོང་མཛད་སྒོ་དེ་མཚོ་སྔོན་ཟི་ལི་ཙོང་ཁ་རྫོང་སྟོད་པ་གྲོང་རྡལ་དུ་སྤེལ་བ་རེད།ཡུལ་དངོས་སུ་གནས་དེ་གའི་དབུལ་ཕོངས་ཨ་མར་སྦྲག་འབོག5000ཙམ་འགྲེམ་གཏོང་བྱས་ཡོད་པ་དང་སྦྲག་འབོག་གི་ནང་དུ་རྒྱུན་སྤྱོད་ཁྱིམ་ཆས་དང་ངོ་གདོང་བྱུག་རྫས། ལོ་གསར་གྱི་རྒྱན་ཆ་དང་བཟའ་ཆས་བཅས་བླུག་ཡོད་པ་རེད།
    “ཨ་མའི་སྦྲག་འབོག”ཞེས་པའི་སྤྱི་ཕན་བྱེད་སྒོ་དེ་ཀྲུང་གོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་འཕེལ་རྒྱས་ཐེབས་རྩ་ཚོགས་པས་ཁེ་ལས་སྡེ་ཁག་མང་པོ་དང་མཉམ་འབྲེལ་བྱས་ཏེ་སྤེལ་བའི་གཅེས་སེམས་མི་སྣས་ལེགས་སྐྱེས་སུ་འབུལ་བའི་བྱེད་སྒོ་ཞིག་ཡིན་པ་དང་། 2012ལོའི་ཟླ་བ5པར་རྣམ་གྲངས་དེ་སྤེལ་བ་ནས་བཟུང་། ཞིང་ཆེན་དང་ལྗོངས། གྲོང་ཁྱེར་བཅས29ལ་ཁག་དབྱེ་ནས་“ཨ་མའི་སྦྲག་འབོག”ཁྲི40ལ་ཉེ་བ་ཞིག་འགྲེམ་གཏོང་བྱས་ཡོད་ཅིང་དབུལ་ཕོངས་ཨ་མ་དང་ཁྱིམ་ཚང་ཁྲི40ཙམ་ལ་ཕན་པ་ཐོབ་པ་རེད།
  • ལེ་ཚན་སྔོན་མ།:ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོ་འཚོ་དངུལ་ཆུ་ཚད་དེ་ཡང་བསྐྱར་བརྒྱ་ཆ10འཕར་སྣོན་གཏང་ར
  • ལེ་ཚན་རྗེས་མ།:ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་སྐོར་ཐེངས་དང་པོའི་སྤྱི་བསྡོམས་དང་སྐོར་ཐེངས་གཉིས་པ
  • དོ་སྣང་ཆེ་བའི་རྩོམ།