མཚོ་ཤར་གྲོང་ཁྱེར་གྱི་སྐོར་དང་པོའི་དཀའ་ངལ་མང་ཚོགས་ཀྱི་ཁ་གསབ་མ་དངུལ་དེ་རྫོང་སོ་སོར་འབྱོར་བ།

    མཚོ་སྔོན་གསར་འགྱུར་དྲ་བ།    2014-01-15

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན་གྱིས་མཚོ་ཤར་གྲོང་ཁྱེར་གྱི་ཤང་གྲོང་དཀའ་ངལ་མང་ཚོགས་ལ་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་མ་དངུལ་སྒོར་ཁྲི4358དང་རང་བྱུང་གནོད་སྐྱོན་གྱི་འཚོ་བའི་ཁ་གསབ་མ་དངུལ་སྒོར་ཁྲི1050བཏང་བ་དང་། མིག་སྔར་མ་དངུལ་འདི་གཉིས་རྫོང་སོ་སོར་འབྱོར་ཡོད།
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་མཚོ་ཤར་གྲོང་ཁྱེར་གྱི་དཀའ་ངལ་མང་ཚོགས་ཁ་གསབ་མ་དངུལ་དེ་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ་མི་རེར་སྒོར300དང་། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ་དང་ལྔ་སྐྱོང་བྱེད་ཡུལ་མི་རེར་སྒོར200དང་། གཙོ་གནད་གཟིགས་སྐྱོང་བྱེད་ཡུལ་དང་ཀྲུང་གོ་གསར་བ་མ་བཙུགས་སྔོན་དུ་ཏང་ནང་དུ་ཞུགས་པའི་ཏང་ཡོན་རྒན་པ་མི་རེར་སྒོར360ཁ་གསབ་བྱེད་རྒྱུ་ཡིན་པ་དང་། ཁ་གསབ་མ་དངུལ་འདི་དག་ནི་ཞིང་ཆེན་ནོར་སྲིད་ཀྱིས་ཁ་གསབ་བྱེད་རྒྱུ་ཡིན་ལ། ཐེངས་གཅིག་ལ་སྒོར་མོའི་རྣམ་པས་ཁ་གསབ་བྱེད་རྒྱུ་རེད།
གཞན་ཡང་རང་བྱུང་གནོད་སྐྱོན་འཚོ་བའི་ཁ་གསབ་མ་དངུལ་དེ་དགུན་དཔྱིད་མུ་གེའི་དུས་སྐབས་ཀྱི་གནོད་ཐེབས་མང་ཚོགས་ཀྱི་འཚོ་བར་ཁ་གསབ་བྱེད་རྒྱུ་རེད། ཁ་གསབ་བྱེད་པའི་ཁྲོད་གནོད་ཐེབས་ཚབས་ཆེན་ས་ཁུལ་གྱི་གནོད་ཐེབས་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་པ་གཙོ་གནད་དུ་བཟུང་སྟེ། གནོད་ཐེབས་མང་ཚོགས་ཀྱིས་རང་སྐྱོབ་ནུས་པ་གཞིགས་ཏེ་རིགས་བགར་ནས་རོགས་སྐྱོར་བྱེད་རྒྱུ་རེད། ཟླ1པོའི་ཚེས20ཡར་སྔོན་དུ་ཐེངས་འདིའི་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་དང་རྒུད་སྐྱོབ་མ་དངུལ་དེ་ཤང་གྲོང་དཀའ་ངལ་མང་ཚོགས་དང་གནོད་ཐེབས་མང་ཚོགས་ལག་ཏུ་སྤྲོད་རྒྱུ་རེད། །

  • ལེ་ཚན་སྔོན་མ།:རྒྱལ་ཁབ་ཀྱི་ཚན་རྩལ་བྱ་དགའ་གནང་བའི་ཚོགས་ཆེན་འཚོགས།
  • ལེ་ཚན་རྗེས་མ།:ཀྲང་ཏི་ཅང་གིས་ཕེ་རུ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཨོ་ཐཱ་ལོ་ལཱ་དང་གྲོས་མོལ་མཛད་པ།
  • དོ་སྣང་ཆེ་བའི་རྩོམ།