རྒྱལ་ཁབ་ཀྱི་ཚན་རྩལ་བྱ་དགའ་གནང་བའི་ཚོགས་ཆེན་འཚོགས།

        2014-01-14

 

རྒྱལ་ཁབ་ཀྱི་ཚན་རྩལ་བྱ་དགའ་གནང་བའི་ཚོགས་ཆེན་འཚོགས།

 ཞི་ཅིན་ཕིང་གིས་ཀྲང་ཚུན་ཧའོ་ལ་ཚན་རྩལ་བྱ་དགའ་གནང་བཞིན་པ།རྒྱལ་ཁབ་ཀྱི་ཚན་རྩལ་བྱ་དགའ་གནང་བའི་ཚོགས་ཆེན་འཚོགས།

ཞི་ཅིན་ཕིང་གིས་ཁྲེན་ཁའེ་ཅ་ལ་ཚན་རྩལ་བྱ་དགའ་གནང་བཞིན་པ།
 

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ1ཚེས10ཉིན་འབྱོར་བའི་གཏམ་གསར། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གོང་ཚེས་ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་རྒྱལ་ཁབ་ཀྱི་ཚན་རྩལ་བྱ་དགའ་གནང་བའི་ཚོགས་ཆེན་འཚོགས། ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལིའུ་ཡུན་ཧྲན། ཀྲང་ཀའོ་ལི་བཅས་ཚོགས་ཆེན་དུ་ཞུགས་ཤིང་བྱ་དགའ་ཐོབ་པའི་འཐུས་མིར་བྱ་དགའ་གནང་བ། ལི་ཁེ་ཆང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ཐོག་གསུང་བཤད་གནང་བ། ཀྲང་ཀའོ་ལིས་ཚོགས་ཆེན་གྱི་གཙོ་འགན་བཞེས།
    སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་དུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐོག་མར2013ལོ་འཁོར་གྱི་རྒྱལ་ཁབ་ཀྱི་རིམ་པ་ཆེས་མཐོ་བའི་ཚན་རིག་བྱ་དགའ་ཐོབ་པའི་ཀྲུང་གོའི་ཚན་རིག་ཁང་གི་ཡོའན་ཧྲི། ཀྲུང་གོ་ཚན་རིག་ཁང་གི་ཏ་ལེན་རྫས་འགྱུར་དང་དངོས་ལུགས་རིག་པའི་ཞིབ་འཇུག་ཁང་གི་ཀྲང་ཚུན་ཧའོ་དང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་སྤྱི་ཁྱབ་དམག་ཆས་སྒྲིག་སྦྱོར་པུའུ་ཡི་ཁྲེན་ཁའེ་ཅ་རྣམ་གཉིས་ལ་བྱ་དགའི་ལག་ཁྱེར་གནང་བ་དང་ཁོ་ཚོར་དགའ་སྟོན་རྟེན་འབྲེལ་ཞུས། དེ་རྗེས། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་པས་རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་གི་བྱ་དགའ་དང་། རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་ཀྱི་བྱ་དགའ། རྒྱལ་ཁབ་ཀྱི་ཚན་རྩལ་ཡར་ཐོན་ཡོང་བའི་བྱ་དགའ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་བྱ་དགའ་བཅས་ཐོབ་པའི་འཐུས་མི་རྣམས་ལ་བྱ་དགའ་གནང་།
    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གསུང་བཤད་གནང་རིང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་ཚན་རྩལ་བྱ་དགའ་ཐོབ་མཁན་འཐུས་མི་ཐམས་ཅད་ལ་དགའ་སྤྲོ་འཁོལ་བའི་རྟེན་འབྲེལ་ཞུས་ཤིང་། རྒྱལ་ཡོངས་ཀྱི་རྒྱ་ཆེ་བའི་ཚན་རྩལ་གྱི་ལས་སྒྲུབ་མི་སྣ་དང་འཐབ་ཕྱོགས་སོ་སོའི་ཐོག་གི་ཚན་རྩལ་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བར་བྱས་རྗེས་འབུལ་བའི་མི་རྣམས་ལ་བླ་ན་མེད་པའི་གུས་བཀུར་ཞུས་པ་དང་། ལྷག་བསམ་ཟོལ་མེད་ཀྱིས་བདེ་འདྲི་གནང་བ། ཀྲུང་གོའི་ཚན་རྩལ་བྱ་གཞག་ལ་ཞུགས་པའི་ཕྱི་རྒྱལ་གྱི་ཆེད་ལས་མཁན་ཅན་རྣམ་པར་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུས་པ་རེད།
    2013ལོ་འཁོར་གྱི་རྒྱལ་ཁབ་ཀྱི་ཚན་རྩལ་བྱ་དགའ་གནང་བའི་ཚན་རྩལ་གྱི་ཆེད་ལས་མཁས་ཅན10དང་ཚན་རྩལ་གྱི་གྲུབ་འབྲས་རྣམ་གྲངས313ཡོད་པ་རེད།
  • ལེ་ཚན་སྔོན་མ།:མགོ་ལོག་ཁུལ་གྱིས་བོད་སྐད་ཡིག་སློབ་སྦྱོར་བྱེད་རྒྱུར་ཤུགས་བསྣན་པ།
  • ལེ་ཚན་རྗེས་མ།:མཚོ་ཤར་གྲོང་ཁྱེར་གྱི་སྐོར་དང་པོའི་དཀའ་ངལ་མང་ཚོགས་ཀྱི་ཁ་གསབ་མ་དངུལ་དེ་རྫོང་སོ་སོར་འབྱོར་བ།
  • དོ་སྣང་ཆེ་བའི་རྩོམ།