ལིས་ཁི་ཆང་གིས་ཨིར་ལན་གྱི་ཙུང་ཐུང་ཞི་ཅིན་སི་ལ་མཇལ་འཕྲད་གནང་།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2014-12-12

粘贴ལིས་ཁི་ཆང་གིས་ཨིར་ལན་གྱི་ཙུང་ཐུང་ཞི་ཅིན་སི་ལ་མཇལ་འཕྲད་གནང་།

ཚེས་བཅུའི་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨིར་ལན་གྱི་ཙུང་ཐུང་ཞི་ཅིན་སི་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་ཨིར་ལན་གྱི་ཙུང་ཐུང་ཞི་ཅིན་སི་ལ་མཇལ་འཕྲད་གནང་།

ཚེས་བཅུའི་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨིར་ལན་གྱི་ཙུང་ཐུང་ཞི་ཅིན་སི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུའི་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨིར་ལན་གྱི་ཙུང་ཐུང་ཞི་ཅིན་སི་ལ་མཇལ་འཕྲད་གནང་། ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཨིར་ལན་གཉིས་ཀྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་བདེ་བླག་དང་གཏན་འཇགས་ཀྱི་ངང་ནས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཁ་སང་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཁྱེད་དང་མཛའ་མཐུན་ལྡན་པའི་གྲོས་མོལ་བྱས། ད་ལོ་ནི་རྒྱལ་ཁབ་གཉིས་བར་ལ་འབྲེལ་བ་བཙུགས་ནས་ལོ་འཁོར་སོ་ལྔ་ལོན་པའི་དུས་དང་ཁེལ་ཡོད་པས། ང་ཚོས་ཁྱེད་རྒྱལ་ཁབ་དང་མཉམ་དུ་རིམ་པ་སོ་སོའི་བར་གྱི་འགྲོ་འོང་ལ་ཤུགས་སྣོན་པ་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། མི་གཞུང་བརྗེ་རེས་རྒྱ་བསྐྱེད་དེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ནང་རྐྱེན་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་འདོད་ཡོད་པར་མ་ཟད། ཨིར་ལན་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པའི་ཆ་ནས་མུ་མཐུད་དུ་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་རང་བཞིན་གྱི་ནུས་པ་གལ་ཆེན་འདོན་པར་རེ་བ་བྱེད་བཞིན་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན། མིག་སྔར་ཀྲུང་གོ་རྒྱལ་ཁབ་ལ་མཚོན་ན་མང་ཚོགས་རང་བཞིན་གྱི་ལས་སྐྲུན་དང་གསར་སྐྲུན་ལ་སྐུལ་འདེད་གཏོང་བ་བརྒྱུད་དཔལ་འབྱོར་གྱི་སྒུལ་ཤུགས་གསར་བ་བསྐྲུན་ཏེ། ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་དང་མགྱོགས་མྱུར་གྱི་སྒོ་ནས་རིམ་པ་མཐོ་འབྲིང་གི་ཆུ་ཚད་དུ་བསྐྱོད་བཞིན་པའི་སྒང་ཡིན། ཨིར་ལན་གྱིས་དུས་རབས་སྔོན་གྱི་ལོ་རབས་བརྒྱད་ཅུ་བའི་ནང་གསར་གཏོད་དང་ཚན་རྩལ་གྱི་འདེགས་སྐྱོར་ལ་བརྟེན་ནས། ཞིང་ཕྱུགས་དཔལ་འབྱོར་ནས་ཤེས་རིག་དཔལ་འབྱོར་གྱི་མཆོངས་བསྐྱོད་འཕེལ་རྒྱས་མངོན་འགྱུར་བྱས། ཀྲུང་གོ་ཕྱོགས་ཀྱིས་ཨིར་ལན་ཕྱོགས་དང་མཉམ་དུ་བརྗེ་རེས་དང་ཉམས་མྱོང་མཉམ་སྤྱོད་བྱས་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱས་ཏེ། མཉམ་དུ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

ཞི་ཅིན་སི་ཡིས་བསྟན་དོན། ཨིར་ལན་དང་ཀྲུང་གོ་གཉིས་བར་གྱི་མཛའ་མཐུན་འབྲེལ་བ་གཏིང་ཟབ་ལ། རིག་གནས་ཐག་ཉེ་བ་དང་ཕན་ཚུན་བར་གྱི་འགྲོ་འོང་ཧ་ཅང་རྒྱུན་རིང་། ཉེ་བའི་ལོ་འགའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་དུ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། སློབ་གསོ་དང་ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་ཉིན་རེ་བཞིན་དུ་གཏིང་ཟབ་ཏུ་འགྲོ་བཞིན་ཡོད། ཨིར་ལན་ཕྱོགས་ཀྱིས་དུས་རྒྱུན་དུ་ཀྲུང་གོའི་བར་གྱི་འབྲེལ་བར་མཐོང་ཆེན་བྱེད་བཞིན་ཡོད་པར་མ་ཟད། ཕྱོགས་གཉིས་དང་ཕྱོགས་མང་པོའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་ཏེ། ཨིན་ལན་དང་ཀྲུང་གོ ཡོ་རོབ་གླིང་དང་ཀྲུང་གོ་བཅས་བར་གྱི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།  ། 

 
  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་རྩ་ཆེའི་གནའ་གཞུང་ཁག་158རྒྱལ་ཁབ་རིམ་པའི་མིང་གཞུང་ནང་ཚུད་པ།
  • ལེ་ཚན་རྗེས་མ།:ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་པེ་ཅིང་དུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།