སྲོལ་རྒྱུན་གྱི་བོད་ཁྱིམ་ཁང་པ། ས་གནས་ཀྱི་ཡུལ་སྲོལ་གོམས་གཤིས་ལྡན་པའི་བོད་རྒྱན་འགེལ་རིགས།བོད་པའི་ཅོག་ཙེ་དང་འབོལ་ལྡན།ད་དུང་བྲོ་ཞིམ་ལྡན་པའི་མངར་ཇ། འདི་ནི་རྒྱལ་སྲུང་གཞུང་ལམ་གྱི་ལམ་ཐིག318པའི་ལམ་འགྲམ་དུ་གནས་པའི་ཉིང་ཁྲི་ས་ཁུལ་བཀྲ་ཤིས་སྒང་གྲོང་སྡེའི་ཕུན་ཚོགས་ཀྱི་ཁྱིམ་ཚང་འགྲུལ་ཁང་ཡིན། ཁྱིམ་ཚང་འགྲུལ་ཁང་འདི་ཕར་བལྟས་ན་སྲོལ་རྒྱུན་དང་འདྲ་ཡང་ནང་ལ་རིན་པ་མི་དགོས་པར་དུས་རབས་ཀྱི་ཆ་འཕྲིན་བཀོལ་སྤྱོད་བྱེད་ཆོག་ལ།རང་བབ་སྦུག་ཆུ། ཆུས་འཁྲུད་ཆོག་པའི་གསང་སྤྱོད་ཁང་བཅས་ཡོད་ཅིང་།ལྗོངས་རྒྱུ་བ་རྣམས་ཀྱིས་སྲོལ་རྒྱུན་གྱི་མི་རིགས་ཡུལ་སྲོལ་གྱི་གོམས་གཤིས་ལྡན་པའི་ར་བའི་ནང་འཚོ་བ་རོལ་ཆོག་ལ། ད་དུང་དེང་རབས་ཅན་གྱི་སྒྲིག་ཆས་ཀྱི་སྟབས་བདེའང་ལོངས་སུ་སྤྱོད་ཆོག་པ་རེད། ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱི་ལྗོངས་རྒྱུ་ལས་རིགས་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་ཞིང་འབྲོག་པའི་ཁྱིམ་ཚང་འགྲུལ་ཁང་དེ་ལས་དེ་མང་བ་བྱུང་། མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཡོད་ལ་དེང་རབས་ཅན་གྱི་ཞབས་ཞུའི་སྒྲིག་ཆས་དང་གཉེར་སྐྱོང་གི་འདུ་ཤེས་ཀྱང་ཇེ་དྲག་ཏུ་བྱུང་ཡོད། ཞིང་འབྲོག་པ་རྣམས་ཀྱིས་བཤད་དོན། ཁོ་ཚོའི་ཁྱིམ་ཚང་འགྲུལ་ཁང་ཡང་དུས་སྐབས་གསར་པར་བསྟུན་དགོས་ལ། ས་གནས་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱང་ཡོད་དགོས་པས་མ་ཚད།ད་དུང་དེང་རབས་ཀྱི་དུས་སྲོལ་ཡང་ཡོད་པར་བྱས་ཏེ་ལྗོངས་རྒྱུ་བ་རྣམས་ལ་ཁྱིམ་ཚང་གི་བདེ་དྲོན་ལོངས་སུ་སྤྱོད་འཇུག་དགོས་པ་རེད།