མཚོ་སྔོན་པོའི་རྟ་རྒྱུག་དུས་ཆེན་སྐབས་བཞི་བ་སྤེལ་བ།

    མཚོ་སྔོན་པོ་དྲ་བ།    2013-10-12

མཚོ་སྔོན་པོའི་རྟ་རྒྱུག་དུས་ཆེན་སྐབས་བཞི་བ་སྤེལ་བ།
རྟ་རྒྱུག་འགྲན་བསྡུར།

        ཉེ་ལམ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དཔལ་དགེ་གྲོང་རྡལ་གྱི་ཏང་ཨུ་དང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་དང་། དཀོན་ལོ་ཚང་ཞོལ་མ་སྡེ་བས་འགན་སྒྲུབ་གནང་བའི་མཚོ་སྔོན་པོ(དཔལ་དགེ་གྲོང་རྡལ)རྟ་རྒྱུག་དུས་ཆེན་སྐབས་བཞི་བ་དེ་མཛེས་སྡུག་ལྡན་པའི་དཀོན་ལོ་ཚང་ཞོལ་མའི་རྩྭ་ཐང་དུ་སྤེལ་བ་རེད།

མཚོ་སྔོན་པོའི་རྟ་རྒྱུག་དུས་ཆེན་སྐབས་བཞི་བ་སྤེལ་བ།
འགྲོས་འགྲན།

        ཐེངས་འདིའི་འགྲན་བསྡུར་དུ་རྟ་རྒྱུག་འགྲན་བསྡུར་དང་། ཐག་འཐེན་འགྲན་བསྡུར། བྱེ་སྒྱེ་འདེགས་པ་སོགས་རྣམ་གྲངས་དུ་མ་འདུས་ཤིང་། དཀོན་ལོ་ཚང་ཞོལ་མ་སྡེ་བ་དང་། ཚ་ལ་སྡེ་བ། དཔོན་ཚང་ཞོལ་མ་སྡེ་བ་བཅས་ཀྱིས་ཐག་འཐེན་འགྲན་བསྡུར་དུ་བྱ་དགའ་ཨང་གསུམ་པ་བླངས་པ་དང་། ཚ་ལ་སྡེ་བའི་བློ་མཐུན་སྙིང་ལོ་སོགས་ཀྱིས་རྟ་རྒྱུག་འགྲན་བསྡུར་དུ་བྱ་དགའ་བླངས། དཀོན་ལོ་ཚང་ཞོལ་མ་སྡེ་བའི་རྡོ་བརྟན་རྒྱལ་སོགས་ལ་རྟའི་འགྲོས་རྩལ་འགྲན་བསྡུར་དུ་བྱ་དགའ་ཐོབ་ལ། དཀོན་ལོ་ཚང་ཞོལ་མ་སྡེ་བའི་མཚོ་རྒྱལ་སོགས་ལ་བྱེ་སྒྱེ་འདེགས་པའི་འགྲན་བསྡུར་དུ་བྱ་དགའ་ཐོབ་པ་རེད།

མཚོ་སྔོན་པོའི་རྟ་རྒྱུག་དུས་ཆེན་སྐབས་བཞི་བ་སྤེལ་བ།
ཐག་འཐེན་འགྲན་བསྡུར།

        ཐེངས་འདིའི་རྟ་རྒྱུག་འགྲན་བསྡུར་བདེ་བླག་ངང་སྤེལ་བ་ལས་མཚོ་སྐོར་ས་ཁུལ་དང་མཚོ་བྱང་ཁུལ་གྱི་མི་རིགས་སོ་སོའི་མཛའ་བརྩེ་སྔར་ལས་ཇེ་ཟབ་དང་། བོད་རིགས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་ཐད་ལ་སྐུད་འདེད་ཀྱི་ནུས་པ་ཆེས་ཆེར་བསྐྱེད།

མཚོ་སྔོན་པོའི་རྟ་རྒྱུག་དུས་ཆེན་སྐབས་བཞི་བ་སྤེལ་བ།
སྒྱེ་འདེགས།


 

  • ལེ་ཚན་སྔོན་མ།:བོད་ལྗོངས་ཉིང་ཁྲིའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཁྱིམ་ཚང་འགྲུལ་ཁང་དེ་དེང་རབས་ཀྱི་དུས་སྲོལ་དང་མཐུན་པ་བྱས།
  • ལེ་ཚན་རྗེས་མ།:2013ལོར་བོད་ལྗོངས་ཀྱི་སྟོན་ཁའི་ལོ་ཏོག་བསྡུ་ཚད་མུའུ་ཁྲི356.8ལ་སླེབས་པ།
  • དོ་སྣང་ཆེ་བའི་རྩོམ།