བོད་ཀྱི་དངུལ་རྩས་དངོས་ཚན་དཔལ་འབྱོར་མགྱོགས་མྱུར་གོང་འཕེལ་འགྲོ་རྒྱུར་སྐུལ་མ་བཏང་བ།

        2013-12-26

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གཏམ་གསར། ཉིན་ཤས་གོང་ཧྭ་ནིང་བོད་ལྗོངས་གློག་འདོན་ཚད་ཡོད་སྤྱི་གཉེར་ཁང་རྫམ་ཆུ་ཤུགས་གློག་ཁང་ལ་བོད་ཀྱི་ཚོང་ལས་དངུལ་ཁང6གིས་དངུལ་ཁང་ཚོགས་པའི་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར་40ཙམ་གཡར་བ་ནི་བོད་ཀྱི་དངུལ་ཁང་ལས་རིགས་ཀྱི་དངུལ་ཁང་ཚོགས་པས་དངུལ་བུན་གཏོང་ཆེ་ཤོས་ཤིག་ཡིན་པ་རེད།
     དངུལ་རྩ་དེ་ཉིད་བོད་ཀྱི་དངོས་ཚན་དཔལ་འབྱོར་གོང་འཕེལ་མགྱོ གས་མྱུར་འགྲོ་རྒྱུར་སྐུལ་མ་གཏོང་བའི“སྒུལ་ཤུགས”སུ་གྱུར་ཡོད། གསར་འགོད་པར་བོད་ལྗོངས་དངུལ་ཁང་ལས་རིགས་ལྟ་སྐུལ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་དངུལ་ཁང་ལས་རིགས་ལྟ་སྐུལ་ཅུས་ཀྱིས་གཙོ་བོ་བྱེད་པ་དང་བོད་ལྗོངས་དངུལ་ཁང་ལས་རིགས་མཐུན་ཚོགས་ཀྱིས་སྐུལ་མ་བཏང་བའི་འོག་ཞིང་ལས་དངུལ་ཁང་དང་འཛུགས་སྐྲུན་དངུལ་ཁང་སོགས་ཚོང་ལས་དངུལ་ཁང་6གིས་ཉིན་ཤས་གོང་ཧྭ་ནིང་བོད་ལྗོངས་གློག་འདོན་ཚད་ཡོད་སྤྱི་གཉེར་ཁང་དང་དངུལ་ཁང་ཚོགས་པའི་དངུལ་བུན་གཡར་རྒྱུའི་གྲོས་མཐུན་བཞག་ནས་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར་37.57གཏོང་རྒྱུ་བྱས་པའི་ནང་ནས་མིག་སྔར་སྒོར་དུང་ཕྱུར་20ཙམ་ལས་ལྷག་མེད། 
    རྫམ་ཆུ་ཤུགས་གློག་ཁང་ནི་བོད་ལྗོངས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་གཙོ་གནད་ལས་གྲྭའི་རྣམ་གྲངས་ཤིག་ཡིན་ལ།བོད་དུ་སྐྲུན་བཞིན་པའི་ཆུ་ཤུགས་གློག་ཁང་ཆེ་ཤོས་ཤིག་ཀྱང་ཡིན་པར་ལས་གྲྭ་ཡོངས་ལ་མ་དངུལ་སྒོར་དུང་ཕྱུར་85ཙམ་བཏང་ཡོད། རྫམ་ཆུ་ཤུགས་གློག་ཁང་བསྐྲུན་རྗེས་བོད་ཀྱི་ནུས་རྒྱུ་ཁ་ཐང་བའི་གནས་ཚུལ་ཞི་ལྷོད་དུ་འགྲོ་རྒྱུ་མ་ཟད་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་འགྲོ་རྒྱུར་སྐུལ་མ་གཏོང་ཆེད་ནུས་ལྡན་གྱི་དྭངས་གཙང་ནུས་རྒྱུའི་འདེགས་སྐྱོར་མཁོ་འདོན་དང་དངུལ་ཁང་ཚོགས་པའི་དངུལ་བུན་དེས་རྫམ་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་ཐད་མ་དངུལ་གྱི་འགན་ལེན་ཐུབ་ནས་རྣམ་གྲངས་བདེ་བླག་ངང་བསྐྲུན་ཐུབ་ཆེད་རྨང་གཞི་བཏིང་ཡོད་པ་རེད། 
     བོད་ལྗོངས་དངུལ་ཁང་ལས་རིགས་ལྟ་སྐུལ་ཅུས་ཀྱི་ཅུས་ཀྲང་ཕུའུ་མིང་ཀའོ་ཡིས་ཉེ་བའི་ལོ་འགའི་རིང་བོད་ལྗོངས་དངུལ་ཁང་ལས་རིགས་ལྟ་སྐུལ་ཅུས་ཀྱིས་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་དང་ཆབས་ཅིག་དངུལ་ཁང་ལས་རིགས་ལ་ལྟ་ཞིབ་དང་དོ་དམ་བྱ་ཐབས་མི་འདྲ་བ་ལག་བསྟར་བྱེད་པའི་ཐབས་ཤེས་སྤྱད་དེ་བོད་ཀྱི་དངུལ་ཁང་ལས་རིགས་ཀྱི་ཞབས་ཞུར་བརྟེན་ནས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་བཏང་བ་དང་། བོད་ཀྱི་དངུལ་ཁང་ལས་རིགས་ཁག་གི་ལས་ཁུངས་ཀྱིས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གཙོ་གནད་རྣམ་གྲངས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་དང་དངུལ་རྩའི་ཞབས་ཞུ་བྱེད་ཤུགས་ཆེ་རུ་བཏང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། 
     ཕུའུ་མིང་ཀའོ་ཡིས་མིག་སྔར་བོད་ལྗོངས་དངུལ་ཁང་ལས་ཁུངས་ཀྱི་སྒྲིག་གཞི་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ཡོད་པས་ས་སླད་ཕྱིན་བོད་ལྗོངས་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞི་ཁག་གིས་དངོས་ཚན་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱེད་རྒྱུ་མ་ཟད་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ལ་སྐུལ་མ་ཤུགས་ཆེན་གཏོང་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད། 
  • ལེ་ཚན་སྔོན་མ།:ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས་པ།
  • ལེ་ཚན་རྗེས་མ།: ཀྲུང་དབྱང་ནོར་སྲིད་ཀྱིས་སྣེ་འདྲེན་ཞིང་ལས་ཁེ་ལས་3826ལ་སྒོར་དུང་ཕྱུར་30.95རྒྱབ་སྐྱོར་བྱས།
  • དོ་སྣང་ཆེ་བའི་རྩོམ།