མཚོ་སྔོན་པོ་དྲ་བ། 2013-12-04
ཉེ་ཆར། བོད་ཀྱི་རྩོམ་པ་པོའམ་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་ཉི་ཧོང་པར་མའི་བརྩམས་སྒྲུང་ཕྱོགས་བསྒྲིགས་དེ་ཉི་ཧོང་མཱན་ཁྲིན་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས་ཤིང་། དགེ་རྒན་ཆེན་མོ་ཞིན་ཆོན་སོགས་ཀྱིས་ལོ་ཙཱ་བའི་འགན་བཞེས་ལ། བརྩམས་སྒྲུང་ཕྱོགས་བསྒྲིགས་འདི་རུ་ཁོང་གི་དུས་སྐབས་སོ་སོའི་བརྩམས་སྒྲུང11སྟེ། 《ཨོ་རྒྱན་གྱི་སོ》ཞེས་པ་དང་། 《མི་དང་ཁྱི》། 《འཆི་བའི་ཁ་དོག》། 《ལུག་བརྒྱད》སོགས་འདུས་པ་རེད། པདྨ་ཚེ་བརྟན་གྱིས་གློག་བརྙན་གསར་སྐྲུན་བྱེད་པའི་མཚུངས་སུ་རྩོམ་རིག་གསར་རྩོམ་ལ་གཞོལ་བ་ཡིན་ཏེ། ཁོའི་བརྩམས་སྒྲུང་ནི《ཀྲུང་གོའི་སྒྲུང་ཐུང་ལོ་བཏུས》དང་། 《དུས་རབས21པའི་ལོ་བཏུས་བརྩམས་སྒྲུང》། 《ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་བརྩམས་ཆོས་ལེགས་འདེམ》སོགས་དབང་གྲགས་ཆེ་བའི་འདེམ་དཔེ་དག་ཏུ་ཚུད་པ་མ་ཟད། དབྱིན་ཇིའི་སྐད་དང་། ཧྥ་རན་སིའི་སྐད། ཉི་ཧོང་གི་སྐད། ཅེ་ཁེའི་སྐད་སོགས་སྐད་རིགས་དུ་མར་བསྒྱུར་ནས་ཕྱིའི་རྒྱལ་ཁབ་གང་མང་དུ་མཚམས་སྦྱོར་གནང་དང་གནང་བཞིན་ཡོད་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10