ཞི་ཅིན་ཕིང་གིས་པེ་ཅིན་གྲོང་ཁྱེར་ཏང་ཨུའི་ཨེ་འགོག་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

        2013-12-03

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས1ཉིན་ནི་འཛམ་གླིང་གི་ཨེ་ཙི་ནད་ཉིན་མོ་ཡིན་པས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ལམ་པེ་ཅིན་གྲོང་ཁྱེར་ཏང་ཨུའི་ཨེ་ཙི་ནད་འགོག་བཅོས་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།
      ཞི་ཅིན་ཕིང་གིས་གསུངས་རྒྱུར། ཨེ་ཙི་ནད་འགོག་བཅོས་བྱ་བ་བཟང་བོར་བསྒྲུབ་རྒྱུ་དེ་མི་དམངས་ཀྱི་ཚེ་སྲོག་དང་བདེ་ཐང་ལ་འབྲེལ་བ་ཡོད་པ་དང་། སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་འཇགས་ལ་འབྲེལ་བ་ཡོད་པས། ཏང་དང་སྲིད་གཞུང་གི་གཡོལ་ཐབས་མེད་པའི་འགན་འཁྲི་ཡིན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་མི་གཙོ་བོར་འཛིན་པ་དང་མི་དམངས་ལ་འགན་ཆེན་པོ་འཁུར་བའི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས། ཨེ་ཙི་ནད་འགོག་བཅོས་བྱ་བ་སྔར་ལས་བཟང་བོར་བསྒྲུབ་དགོས་ཟེར།
      ཞི་ཅིན་ཕིང་གིས་གསུངས་རྒྱུར། སྔོན་འགོག་གཙོ་བོ་དང་སྔོན་འགོག་དང་སྨན་བཅོས་ཟུང་འབྲེལ་བྱེད་པ། ཁྲིམས་ལྟར་འགོག་བཅོས། ཚན་རིག་དང་མཐུན་པར་འགོག་བཅོས་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་ཀྱི་སྟོབས་ཤུགས་རྩ་འཛུགས་བྱས་ནས་ཨེ་ཙི་ནད་འགོག་བཅོས་བྱ་བའི་ཁྲོད་དུ་ཞུགས་ཤིང་སྤྱི་ཚོགས་ཀྱིས་མཐོང་ཆུང་བྱེད་པ་མེད་པར་གཏོང་བ་དང་། ཨེ་ཙི་ནད་བྱུང་མཁན་ལ་དུས་ཐོག་ཏུ་སྨན་བཅོས་དང་རོགས་རམ་བྱས་ནས། ཁོ་ཚོར་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་གཞི་ཆེན་པོའི་དྲོད་སྐྱིད་ཉམས་སུ་མྱོང་དུ་འཇུག་དགོས་ཟེར།   ། 
  • ལེ་ཚན་སྔོན་མ།:བོད་ཀྱི་སྒྲུང་གཏམ་རྩོམ་པ་པོ་གྲགས་ཅན་གླང་མདུན་དཔལ་འབྱོར་མཆོག་ལྷ་ས་རུ་སྐུ་གཤེགས་པ།
  • ལེ་ཚན་རྗེས་མ།:མཚོ་སྔོན་ཞིང་ཆེན་དུ་རིན་མི་ལེན་པར་ཨེ་ཙི་ནད་ལ་བརྟག་དཔྱད་བྱེད་པའི་སྐབས་བཅོས་ཁང་བརྒྱ་དང་སོ་བདུན་བཙུགས།
  • དོ་སྣང་ཆེ་བའི་རྩོམ།