བོད་ལྗོངས་ཀྱིས་རིག་དངོས་ཡོངས་བཤེར་དང་ངོས་འཛིན་གསལ་འབྱེད་གྱི་ཆེད་མཁས་པའི་ཚོགས་པ་བཙུགས་པ།

    བོད་ལྗོངས་ཉིན་རེའི་ཚགས་པར།    2014-02-14

བོད་རང་སྐྱོང་ལྗོངས་ཡོངས་ཀྱི་སྤོ་སྒུལ་ཆོག་པའི་རིག་དངོས་ཡོངས་བཤེར་ལས་ཀའི་སྤུས་ཚད་ལ་ཁག་ཐེག་དང་བཀོལ་སྤྱོད་བྱེད་སྟངས་ཚད་ལྡན་གཅིག་གྱུར་དུ་གཏོང་ཆེད།བོད་ལྗོངས་ཀྱིས་ས་ཁུལ་ཁག་དང་རང་སྐྱོང་ལྗོངས་ཐད་གཏོགས་ཀྱི་རིག་དངོས་བཤམས་སྟོན་ལས་ཁུངས་ནས་རྐང་འཛིན་ལས་བྱེད་མི་སྣ་ཉེར་དགུ་སྐོང་འཐེན་བྱས་ནས།རིག་དངོས་ཡོངས་བཤེར་དང་ངོས་འཛིན་དང་གསལ་འབྱེད་གྱི་ཆེད་མཁས་པའི་ཚོགས་པ་བཙུགས་ཤིང་།མི་སྣའི་གྲུབ་ཚུལ་ནང་དུ་ཐེངས་འདིར་ཡོངས་བཤེར་ལ་འབྲེལ་བའི་ཚན་ཁག་དང་ཡུལ་ཁོངས་ཁག་འདུས།
རྒྱུས་ལོན་བྱུང་བ་ལྟར་ན་རྐང་འཛིན་ལས་བྱེད་མི་སྣ29ཡིས་རིག་དངོས་ལ་ངོས་འཛིན་དང་གསལ་འབྱེད།དཔྱད་ཞིབ་བཅས་བྱ་རྒྱུའི་ཆེད་མཁས་པའི་ཚོགས་པ་བཙུགས་ཡོད་ལ།དེ་ལས་ཡོངས་བཤེར་ལས་ཀ་ནི་ཚད་གཞི་གཅིག་གྱུར་དང་།ཐོ་འགོད་ཚད་ལྡན།སྟེགས་བུ་གཅིག་གྱུར།དྲ་བ་སྦྲེལ་ནས་ཐད་ཀར་རེ་ཞུ་བྱེད་པ།ཆ་འཕྲིན་གཅིག་བསྡུས།ཐོན་ཁུངས་བཀོད་འདོམས་གཅིག་གྱུར་བཅས་ཀྱི་ལག་རྩལ་ལམ་ཕྱོགས་གཞིར་བཟུང་ནས་བསྒྲུབ་རྒྱུ་རེད།  །
 
  • ལེ་ཚན་སྔོན་མ།:བླ་བྲང་བཀྲ་ཤིས་འཁྱིལ་དུ་རྒྱ་ལོ་སྨོན་ལམ་ལ་གོས་སྐུ་བཤམས་པ།
  • ལེ་ཚན་རྗེས་མ།:ལིས་ཁི་ཆང་གིས་ཞོང་ཡ་ལིའི་ཙུང་ལི་ཀྲུང་གོར་འཚམས་འདྲིར་ཡོང་བར་དགའ་བསུ་བྱས་པར་མ་ཟད་མཉམ་དུ་གྲོས་མོལ་མཛད་པ
  • དོ་སྣང་ཆེ་བའི་རྩོམ།