བླ་བྲང་བཀྲ་ཤིས་འཁྱིལ་དུ་རྒྱ་ལོ་སྨོན་ལམ་ལ་གོས་སྐུ་བཤམས་པ།

        2014-02-14

བླ་བྲང་བཀྲ་ཤིས་འཁྱིལ་དུ་རྒྱ་ལོ་སྨོན་ལམ་ལ་གོས་སྐུ་བཤམས་པ།
ལུགས་རྙིང་གི་ཟླ1པོའི་ཚེས13ཉིན་ཏེ་སྤྱི་ཟླ2པའི་ཚེས12ཉིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་དུ་ཆགས་པའི་བླ་བྲང་བཀྲ་ཤིས་འཁྱིལ་དུ་གོས་སྐུ་ཆེན་མོ་བཤམས་པའི་བྱེད་སྒོ་སྤེལ་ཞིང་། དགོན་པའི་གྲྭ་བཙུན་དག་ལོ་རེའི་རྒྱ་ལོ་སྨོན་ལམ་གྱི་གོས་སྐུ་བཤམས་པའི་བྱེད་སྒོར་ཞུགས་ཤིང་གོས་སྐུ་ཡུག་རིང་འཁུར་ཏེ་ཉེ་འགྲན་གྱི་རི་ངོས་སུ་བཤམས་པ་ཡིན་ལ། མང་ཚོགས་རྣམས་མཐར་སྐོར་ཏེ་མཇལ་གྱི་ཡོད། ལོ་རེའི་ལུགས་རྙིང་གི་ཟླ་དང་པོའི་ཚེས་བཅུ་གསུམ་ཉིན་གྱི་གོས་སྐུ་བཤམས་པའི་ བྱེད་སྒོ་འདི་ནི་གནས་འདིའི་ལོ་གཅིག་གི་གཞི་རྒྱ་ཆེས་ཆེ་བ་དང་ཆེས་གཟབ་རྒྱས་ ལྡན་པའི་ཆོས་ལུགས་ཀྱི་དུས་ཆེན་གལ་ཆེན་ཞིག་ཡིན་ལ། ས་གནས་སོ་སོའི་དད་ལྡན་པ་སྔ་མོ་ནས་འདུ་འཛི་ཆེ་བའི་ངང་བསང་མཆོད་དང་། མར་མེ་སྒྲོན་པ། ཕྱག་འཚལ་བ། གསོལ་བ་འདེབས་པ་སོགས་བྱས་ཏེ་ཆེད་དུ་གོས་སྐུ་བཤམས་པའི་སྐབས་དང་བསྡོངས་ནས་བླ་ བྲང་དགོན་དུ་མཇལ་སྐོར་བྱེད་པ་ཡིན།
 

  • ལེ་ཚན་སྔོན་མ།:བོད་ཤིང་རྟ་ལོའི་ལོ་སར་གྱི་བརྙན་འཕྲིན་མཉམ་སྤྲོའི་དགོང་ཚོགས་ཀྱི་མཐའ་གཅོད་འཁྲབ་སྟོན་དེ་ལྷ་ས་རུ་སྤེལ་བ།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱིས་རིག་དངོས་ཡོངས་བཤེར་དང་ངོས་འཛིན་གསལ་འབྱེད་གྱི་ཆེད་མཁས་པའི་ཚོགས་པ་བཙུགས་པ།
  • དོ་སྣང་ཆེ་བའི་རྩོམ།