བོད་ལྗོངས་སློབ་ཆེན་གྱིས་སྐབས་ཐོག་མའི་འབུམ་རམས་པའི་ཞིབ་འཇུག་སློབ་མ་བསྡུ་རྒྱུ་རེད།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2014-01-26

རྒྱུས་ལོན་བྱུང་བ་ལྟར་ན། 2014ལོར་བོད་ལྗོངས་སློབ་ཆེན་གྱིས་སྐབས་ཐོག་མའི་འབུམ་རམས་པའི་ཞིབ་འཇུག་སློབ་མ་བསྡུ་རྒྱུ་ཡིན་ཞིང་། དེས་བོད་ལྗོངས་ཀྱི་མཐོ་རིམ་སློབ་གསོའི་ལོ་རྒྱུས་སྟེང་འབུམ་རམས་པའི་ཞིབ་འཇུག་སློབ་མ་མེད་པའི་སྟོངས་ཆ་བསྐངས་ཐུབ་པ་རེད།
  2013ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་ཡོན་གནས་ཨུ་ཡོན་ལྷན་ཁང་གིས་བོད་ལྗོངས་སློབ་ཆེན་གྱིས་འབུམ་རམས་པའི་ཡོན་གནས་འཛུགས་ཆོག་པའི་ཆོག་མཆན་གནང་བ་སྟེ། མི་རིགས་རིག་པ་དང་། ཀྲུང་གོའི་སྐད་བརྡ་དང་རྩོམ་རིག   སྐྱེ་ཁམས་རིག་པ་བཅས་རིམ་པ་དང་པོའི་རིག་ཚན་གསུམ་གྱི་འབུམ་རམས་པའི་ཡོན་གནས་འཛུགས་ཆོག་པས། ཤེས་རམས་པ་དང་། རབ་འབྱམས་པ། འབུམ་རམས་པ་བཅས་རིམ་པ་ཆ་ཚང་བའི་མཐོ་རིམ་སློབ་གསོའི་འཇོན་མི་སྐྱེད་སྲིང་གི་མ་ལག་ཅིག་གྲུབ་པ་རེད། 
 
  • ལེ་ཚན་སྔོན་མ།:ཞི་ཅིན་ཕེན་གྱིས་ཧྥ་རན་སིའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་པ་ཨར་ཐོ་ལོ་ནེ་ལ་མཇལ་འཕྲད་གནང་བ།
  • ལེ་ཚན་རྗེས་མ།:《ངོ་མཚར་སྟོང་ལྡན་གྱི་གེ་སར་རིག་གནས》ཞེས་པ་པར་བསྐྲུན་འགྲེམ་སྤེལ་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།