བཀྲ་ཤིས་འབུམ། མཚོ་སྔོན་བོད་སྐད་རླུང་འཕྲིན། 2014-01-26
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས23ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧྥ་རན་སིའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་པ་ཨར་ཐོ་ལོ་ནེ་ལ་མཇལ་འཕྲད་གནང་།
མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར།ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་ལ་བརྩི་འཇོག་དང་ཕན་ཚུན་ལ་ཡིད་ཆེས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ།དུས་དང་རྣམ་པ་ཀུན་ཏུ་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་ལ་དམིགས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ལྟ་ཚུལ་ཡང་དག་འཛིན་པ་དང་།ཕན་ཚུན་གྱི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་གནད་དོན་ལ་བརྩི་འཇོག་བྱེད་དགོས་ལ།རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་བརྟན་འཇགས་རང་བཞིན་དང་སྔོན་དཔག་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་མང་ཚོགས་བར་གྱི་འབྲེལ་འདྲིས་ཇེ་ཟབ་ཏུ་དགོས།འཛམ་གླིང་གི་འཁྲུག་ཆེན་གཉིས་པའི་གྲུབ་འབྲས་དང་ཐོབ་དཀའ་བའི་ཞི་བའི་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དང་འཛམ་གླིང་དང་ས་གནས་ཀྱི་གནད་དོན་གལ་ཆེན་ཐད་ནས་འབྲེལ་འདྲིས་དང་མཐུན་སྦྱོར་དམ་པོ་བྱས་ནས་མཉམ་དུ་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་འཇལ་དགོས་ཟེར།
པ་ཨར་ཐོ་ལོ་ནེ་ཡིས་བཤད་རྒྱུར།ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོའི་སྐབས་གསར་བའི་མགོ་ཁྲིད་པས་ཉེ་བའི་ལོ་གཅིག་གི་ནང་དུ་དཔལ་འབྱོར་དང་སྤྱི་ཚོགས།ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་སོ་སོ་རུ་སྤྱད་པའི་བཅོས་སྒྱུར་དང་འཕེལ་རྒྱས་བྱེད་ཐབས་ལ་ཡིད་འཇོག་ཆེན་པོ་བྱེད་ཀྱིན་ཡོད་པ་དང་།ཞི་ཀྲུའུ་ཞི་ཡིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་བཏོན་པའི་གྲོས་གཞི་ལ་ཡིད་འཐད་བྱུང་བ་ཡིན།ཧྥ་རན་སིའི་རྒྱལ་དམངས་གྲོས་ཁང་གིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ།རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་ཁོར་ཡུག་སྲུང་སྐྱོབ།གནས་སྐོར་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10