སེམས་ཀྱི་ཉི་ཟླ་རྫོང་གིས་སྲིད་གཞུང་གཞུང་སྤྱོད་དྲ་ཚིགས་གསར་འབྱེད་བྱས་པ།

    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།    2013-11-15

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ11པའི་ཚེས8ཉིན།ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གིས་སྲིད་གཞུང་གི་དྲ་ཚིགས་ཀྱི་འཁོར་སྐྱོད་འཛད་སྒོ་སྤེལ།
ཤེས་གསལ་བྱུང་བ་ལྟར་ན།ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་ཤུགས་ཇེ་ཆེར་གཏོང་ནས་རྫོང་དེའི་ཁྱབ་ཁོངས་སོ་སོའི་ཁྲོད་དུ་བླངས་པའི་གྲུབ་འབྲས་དྲིལ་བསྒྲགས་བྱེད་པ་ལ་སོགས་པའི་དམིགས་ཡུལ་གྱི་ཆེད་དུ། ད་ལོའི་ལོ་སྟོད་དུ།སེམས་ཀྱི་ཉི་ཟླ་རྫོང་གི་རྫོང་ཨུ་དང་།རྫོང་ཨུ་སྲིད་གཞུང་གིས་མཉམ་འབྲེལ་བྱས་ནས་༼ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་སེམས་ཀྱི་ཉི་ཟླ་རྫོང་གི་གཞུང་སྤྱོད་དྲ་ཚིགས་ཀྱི་འཁོར་སྐྱོད་དོ་དམ་སྐོར་གྱི་ལག་བསྟར་བསམ་འཆར༽འགྲེམ་སྤེལ་བྱས་ནས།གཞུང་སྤྱོད་དྲ་ཚིགས་ཀྱི་ལས་ཀ་སོ་སོར་བཀོད་སྒྲིག་ཞིབ་ཕྲ་བྱས་པ་རེད།གཞུང་སྤྱོད་དྲ་ཚིགས་དེར་ལེ་ཚན་མང་པོ་ཡོད་དེ།མདུན་ཤོག་ཏུ་ཏང་དོན་སྤྱི་བསྒྲགས་དང་།སྲིད་དོན་སྤྱི་བསྒྲགས།ཡུལ་སྐོར་མཚམས་སྦྱོར།རིག་གནས་མཚམས་སྦྱོར།སྣང་བརྙན་འགྲེམ་སྟོན་བཅས་ཀྱི་ལེ་ཚན་ཡོད་པ་དག་གི་ནང་དོན་ནི་རྫོང་ཡོངས་ཀྱི་ཆབ་དཔལ་རིག་གསུམ་ལ་ཁེབས་ཡོད།སེམས་ཀྱི་ཉི་ཟླའི་སྲིད་གཞུང་གི་གཞུང་སྤྱོད་དྲ་ཚིགས་དེ་དངོས་སུ་སྤྱོད་པས་སེམས་ཀྱི་ཉི་ཟླ་རྫོང་གི་ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་མི་དམན་པ་ཞིག་ཡིན་ལ།ཕྱི་རོལ་དང་འབྲེལ་མཐུད་བྱེད་པའི་ཆ་འཕྲིན་གྱི་མྱུར་བགྲོད་གཞུང་ལམ་ཞིག་འཛུགས་པ་དང་ཁྱད་མེད་ཡིན་པས། ཕྱི་ཕྱོགས་ཀྱིས་སྟབས་བདེ་པོའི་ངང་ནས་སེམས་ཀྱི་ཉི་ཟླའི་གང་ཐད་ལ་རྒྱུས་ལོན་བྱས་ཐུབ།
ཉིན་དེར། བདེ་ཆེན་ཁུལ་གྱི་ཏང་ཨུའི་རྒྱུན་ཨུའམ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཧྲུའུ་ཅི་ཡུས་ཧྲིང་ཞང་དངོས་སུ་སྤྱོད་པའི་འཛད་སྒོར་ཞུགས་ཤིང་། དྲ་ཚིགས་ཀྱི་ཁ་ཐོག་མར་ཕྱེས་པ་རེད།  ། 

  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱིས་ཆེས་ཆེ་ཞིང་ཆེས་ཆ་ཚང་བའི་མཁྱེན་བརྩེ་ལུགས་ཀྱི་ལྡེབས་རིས་ལ་སྲུང་སྐྱོབ་བྱེད་པ།
  • ལེ་ཚན་རྗེས་མ།:རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཧྥེ་ལེ་པེན་ལ་དྲག་རླུང་གི་གནོད་འཚེ་ཚབས་ཆེན་ཐེབས་པའི་ཐད་ནས་ཧྥེ་ལེ
  • དོ་སྣང་ཆེ་བའི་རྩོམ།