བོད་ལྗོངས་ཀྱིས་ཆེས་ཆེ་ཞིང་ཆེས་ཆ་ཚང་བའི་མཁྱེན་བརྩེ་ལུགས་ཀྱི་ལྡེབས་རིས་ལ་སྲུང་སྐྱོབ་བྱེད་པ།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2013-11-15

བོད་ལྗོངས་ཀྱིས་ཆེས་ཆེ་ཞིང་ཆེས་ཆ་ཚང་བའི་མཁྱེན་བརྩེ་ལུགས་ཀྱི་ལྡེབས་རིས་ལ་སྲུང་སྐྱོབ་བྱེད་པ།
མཁྱེན་བརྩེ་ལུགས་ཀྱི་ལྡེབས་རིས་རྙིང་བ།
རྒྱུས་ལོན་པ་ལྟར་ན་ད་ལོའི་ཟླ11པར་ལེགས་འགྲུབ་འབྱུང་འཆར་ཡོད་པའི་ལྷོ་ཁའི་གོང་དཀར་དགོན་གྱི་ལྡེབས་རིས་རྩ་ཆེན་གྱི་ཞིག་གསོ་དང་སྲུང་སྐྱོབ་ལས་གྲྭའི་དུས་རིམ་དང་པོ་དེ2014ལོའི་ཟླ5པར་ཕྱིར་འགྱངས་བྱས་ཤིང་། ལས་གྲྭའི་དངུལ་གཏོང་ལ་སྒོར་ཁྲི300ལྷག་གིས་ཁ་སྣོན་བྱས་ནས་བསྡོམས་པས་སྒོར་ཁྲི1100གཏོང་རྩིས་ཡོད་པ་རེད། 
  བོད་ལྗོངས་ལྷོ་ཁ་ས་ཁུལ་གྱི་གོང་དཀར་རྫོང་ཁོངས་སུ་ཆགས་པའི་བོད་བརྒྱུད་ནང་བསྟན་གྱི་ས་སྐྱ་པའི་གྲུབ་མཐའི་དགོན་ཆེན་བཞིའི་ཡ་གྱལ་སྟེ་གོང་དཀར་དགོན་པ་ནི་སྤྱི་ལོ1464ལོར་ཐུབ་བསྟན་ཀུན་དགའ་རྣམ་རྒྱལ་མཆོག་གིས་བཞེངས་ཤིང་། དགོན་སྡེ་དེར་བོད་ལྗོངས་སུ་ཆེས་ཆེ་ཞིང་ཆེས་ཆ་ཚང་བའི་མཁྱེན་བརྩེ་བྲིས་རྒྱུན་གྱི་ལྡེབས་རིས་ཤིག་ཡོད་པས། རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་བྱ་ཡུལ་དུ་བཞག་ཡོད་ལ། མཁྱེན་བརྩེ་ལུགས་ཀྱི་ལྡེབས་རིས་དེ་ད་ལྟའི་བར་དུ་ལོ་ངོ500ལྷག་གོ་ལོ་རྒྱུས་ལྡན་པ་རེད། 

 

  • ལེ་ཚན་སྔོན་མ།:བོད་རིགས་རྩོམ་པ་པོ་འགའ་ཀྲུང་གོའི་གྲངས་ཉུང་མི་རིགས་དེང་རབས་རྩོམ་རིག་གླེང་སྟེགས་སུ་ཞུགས།
  • ལེ་ཚན་རྗེས་མ།:སེམས་ཀྱི་ཉི་ཟླ་རྫོང་གིས་སྲིད་གཞུང་གཞུང་སྤྱོད་དྲ་ཚིགས་གསར་འབྱེད་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།