རང་རྒྱལ་གྱིས་བདེ་བླག་ངང་རྒྱང་ཚོར་གྱི་འཁོར་སྐར་ཨང་རྟགས་བཅོ་བརྒྱད་ནམ་མཁའ་བཏང་།

        2013-11-04

 ཞིན་ཧྭ་གསར་འགྱུར་ཁང་ཐན་ཡོན་ནས་ཟླ་བ10པའི་ཚེས29ཉིན་འབྱོར་བའི་གཏམ་གསར། ཚེས29ཉིན་གྱི་ཆུ་ཚོད10དང་སྐར50ཐོག་རང་རྒྱལ་གྱིས་ཐན་ཡོན་འཁོར་སྐར་འཕེན་བྱེད་ལྟེ་བར་རྒྱང་སྐྱོད་ཨང་གཉིས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་གཉིས་པ་སྤྱད་དེ་བདེ་བླག་ངང་འཁོར་སྐར་ཨང་བཅོ་བརྒྱད་པ་ནམ་མཁའ་བཏང་ཡོད། འཁོར་སྐར་ཡང་སྔོན་བཀོད་ཀྱི་མཁའ་ལམ་དུ་སྐྱོད་པ།
    རྒྱང་ཚོར་འཁོར་སྐར་བཅོ་བརྒྱད་པ་དེས་གཙོ་བོ་ཚན་རིག་ཚོད་ལྟ་དང་། རྒྱལ་ས་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར། ལོ་ཐོག་གི་ཐོན་ཚད་ཚོད་དཔག རྒུད་འགོག་གནོད་སེལ་སོགས་ཀྱི་ཁྱབ་ཁོངས་སུ་བེད་སྤྱོད་བྱ་རྒྱུ་ཡིན་པ། འདི་ནི་རྒྱང་སྐྱོད་མ་ལག་གི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཡིས་ཐེངས183པར་འཁོར་སྐར་བཏང་པ་རེད།
  • ལེ་ཚན་སྔོན་མ།:རང་རྒྱལ་གྱིས་ཕྱོགས་དྲུག་ཐད་ནས་བྱེད་ཐབས་བླངས་ཏེ་ས་རྒོད་གསར་སྦོལ་ཞིང་ལས་དུས་རབས་ཅན་དུ་འགྱུར་བར་སྐུལ་འད
  • ལེ་ཚན་རྗེས་མ།:ཀྲུང་གོའི་བུད་མེད་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་པེ་ཅིན་ནས་གྲོལ་བ།
  • དོ་སྣང་ཆེ་བའི་རྩོམ།