རང་རྒྱལ་གྱིས་ཕྱོགས་དྲུག་ཐད་ནས་བྱེད་ཐབས་བླངས་ཏེ་ས་རྒོད་གསར་སྦོལ་ཞིང་ལས་དུས་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ།

གངས་སྐྱིད་ཀྱིས་བསྒྱུར།        2013-11-04

 ཞིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་ཟླ་བ10པའི་ཚེས་29ཉིན་འབྱོར་བའི་གཏམ་གསར། ས་རྒོད་གསར་སྦོལ་ཐད་སྔོན་དུ་ཞིང་ལས་དེང་རབས་ཅན་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་ཆེད། ཕྱིན་ཆད་རང་རྒྱལ་གྱིས་ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་ནུས་མཐོར་འདེགས་དང་། བདག་གཉེར་གྱི་ནང་རྐྱེན་གསར་སྐྲུན་དང་འཐུས་སྒོ་ཚང་དུ་གཏོང་བ། ཞིང་ལས་ཀྱི་ཐོན་ལས་ཆགས་ཚུལ་བཟང་སྒྲུག སྔོན་ཐོན་དང་སྤྱོད་གོ་ཆོད་པའི་ལག་རྩལ་སྔོན་དུ་ཚོད་ལྟ་བྱེད་པར་སྐུལ་འདེད་གཏོང་བ། ཞིང་ལས་ཐོན་རྫས་སྤུས་ཚད་ཀྱི་ཉེན་མེད་ཆུ་ཚད་མཐོར་འདེགས། དེང་རབས་ཞིང་ལས་ཀྱི་མཁས་ཅན་མི་སྣ་གསོ་སྐྱོང་བྱེད་པ་སོགས་ཕྱོགས་དྲུག་ཐད་ནས་བྱེད་ཐབས་སྤྱོད་རྒྱུ་ཡིན་པ་རེད།
    ཞིང་ལས་པུའུ་ཡི་ཏང་ཙུའུ་ཡི་གྲུབ་མི། སྤྱི་ཁྱབ་འདུ་འགོད་པ་དབྱང་ཧྲའོ་ཕིང་གིས་བསྟན་དོན། ཕྱིན་ཆད་དུ་རང་རྒྱལ་གྱིས་འབྲུ་རིགས་དང་། སྲིང་བལ། མངར་ཆའི་རྒྱུ་ཆ། འགྱིག འདེབས་འཛུགས་ལས་རིགས་སོགས་ཞིང་ལས་ཐོན་རྫས་ཆེ་གྲས་ཀྱི་ཚོང་རྫས་ཐོན་སྐྱེད་རྟེན་གཞི་འཛུགས་རྒྱུར་དམིགས་ཏེ། རྨང་གཞི་ས་ཤུགས་དང་རྒྱུན་མཐུད་ཀྱི་ཐོན་ནུས་མཐོ་རུ་གཏང་རྒྱུ། རིམ་སྤར་གྱི་ས་རྒོད་གསར་སྦོལ་གྱི་ལས་བཟོའི་ཁྱིམ་ཚང་ཞིང་ར་བསྐྲུན་རྒྱུ། རྒྱུན་ལྡན་ལག་རྩལ་དང་། ས་བོན། འཕྲུལ་ཆས་གཞི་ཁྱོན་ཅན་གྱི་སྒྲིག་སྦྱོར། འདུས་གྲུབ་བེད་སྤྱོད་བྱེད་ནུས་སོགས་སྲ་བརྟན་དང་མཐོར་འདེགས་བྱས་ཏེ་ཚོད་ལྟ་སྔོན་ཐོན་གྱི་ལག་རྩལ་འཚོལ་ཞིབ་ཧུར་བརྩོན་བྱ་རྒྱུ་ཡིན་པ། ཐོན་སྐྱེད་དང་། ཉོ་སྒྲུབ། གསོག་ཉར། སྐྱེལ་འདྲེན་བཅས་གཅིག་འདྲེས་ཡོང་བར་སྐུལ་འདེད་གཏང་རྒྱུ། དཔལ་འབྱོར་དོ་དམ་དང་། ཚན་རིག་ཞིབ་འཇུག འདེབས་འཛུགས་དང་གསོ་སྤེལ་ལས་རིགས་ཀྱི་འཇོན་ཐང་པ་སོགས་མཁས་ཅན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏང་རྒྱུ་ཡིན་པ་རེད།
  • ལེ་ཚན་སྔོན་མ།:རང་རྒྱལ་གྱིས་རྒྱང་ཚོར་སྲུང་སྐར་བཅོ་བརྒྱད་པ་རྟགས་ཅན་འཕེན་གཏོང་བྱེད་རྒྱུ་ལེགས་གྲུབ་བྱུང་།
  • ལེ་ཚན་རྗེས་མ།:རང་རྒྱལ་གྱིས་བདེ་བླག་ངང་རྒྱང་ཚོར་གྱི་འཁོར་སྐར་ཨང་རྟགས་བཅོ་བརྒྱད་ནམ་མཁའ་བཏང་།
  • དོ་སྣང་ཆེ་བའི་རྩོམ།