ལིས་ཁི་ཆང་གིས་འཇར་མན་གྱི་གྲོགས་པོ་ཏོ་ཨར་ཏི་ལ་མཇལ་འཕྲད་གནང་བ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-10-30

ལིས་ཁི་ཆང་གིས་འཇར་མན་གྱི་གྲོགས་པོ་ཏོ་ཨར་ཏི་ལ་མཇལ་འཕྲད་གནང་བ།

  སྤྱི་ཟླ10བའི་ཚེས28ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཇར་མན་པ་ཧྥུའུ་ཀྲིག་འཇར་མན་ཀྲུང་གོའི་མཛའ་འབྲེལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཏོ་ཨར་ཏི་སོགས་འཇར་མན་གྱི་གྲོགས་པོར་མཇལ་འཕྲད་གནང་བ།

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྤྱི་ཟླ10བའི་ཚེས28ཉིན་གྱི་སྔ་དྲོར། པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཇར་མན་གྱི་གྲོགས་པོར་མཇལ་འཕྲད་གནང་བ།

  ལིས་ཁི་ཆང་གིས་འཇར་མན་གྱི་གྲོགས་པོ་ཀྲུང་གོར་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས་པ་དང་། ཁོ་ཚོས་ཀྲུང་གོར་ཐེངས་དྲུག་ཅུ་ལྷག་ལ་འཚམས་འདྲི་བྱས་པ་དང་། ཀྲུང་གོ་དང་འཇར་མན་བར་གྱི་མཛའ་འབྲེལ་བྱ་བའི་ཐད་ལ་སྟོབས་ཤུགས་ཕུལ་བར་གཟེངས་བསྟོད་བྱས། ཁོང་གིས་གསུངས་རྒྱུར། ཀྲུང་གོ་དང་འཇར་མན་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་སོང་བ་དེ་རྒྱལ་ཁབ་གཉིས་ཀྱི་དམངས་ཁྲོད་མཛའ་བཤེས་སྟོབས་ཤུགས་ཀྱིས་རོགས་སྐྱོར་བྱས་པ་དང་ཁ་འབྲལ་ཐབས་མེད་པས། ཚང་མས་ཀྲུང་གོ་དང་འཇར་མན་གཉིས་ཀྱི་དམངས་ཁྲོད་ཕྱི་འབྲེལ་ལ་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་རྒྱུས་ལོན་དང་མཛའ་བཤེས་སྔར་ལས་ཇེ་དམ་དུ་གཏོང་བར་བྱས་རྗེས་འཇོག་དགོས་པར་རེ་བ་བྱེད་ཀྱིན་ཡོད་ཟེར།

  འཇར་མན་གྱི་གྲོགས་པོ་ཚོས་ལིས་ཁི་ཆང་གིས་མཇལ་འཕྲད་གནང་བར་བཀའ་དྲིན་ཞུས། ཏོ་ཨར་ཏི་ཡིས་བཤད་རྒྱུར། འཇར་མན་ཀྲུང་གོ་མཛའ་འབྲེལ་མཐུན་ཚོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཐད་ལ་དོན་དག་མང་པོ་སྒྲུབ་འདོད་ཡོད་ལ། ཐེངས་འདིར་འཚམས་འདྲི་བྱེད་སྐབས་ཀྲུང་གོའི་ཕྱི་ཕྱོགས་མཛའ་འབྲེལ་མཐུན་ཚོགས་དང་ཡུན་རིང་ལ་མཉམ་ལས་བྱེད་པའི་གྲོས་མཐུན་འགོད་རྒྱུ་དང་། ཀྲུང་གོའི་ནད་གཡོག་པ་འཇར་མན་དུ་ལས་རིགས་གསོ་སྦྱོང་བྱེད་པར་བཀོད་སྒྲིག་བྱས་ཏེ། ཀྲུང་གོའི་རྒན་གསོ་ལས་དོན་ཐད་ལ་ཤེས་ལྡན་མི་སྣ་སྐྱེད་སྲིང་དང་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།  །

  • ལེ་ཚན་སྔོན་མ།:ཞི་ཅིན་ཕེན་གྱིས་ཨ་ཧྥེ་རུ་ཁ་ལྷོ་མའི་ཙུང་ཐུང་མོ་ཐི་ལན་ཏེ་ལ་མཇལ་འཕྲད་གནང་བ།
  • ལེ་ཚན་རྗེས་མ།:མཚོ་སྔོན་གྱི་ཟློས་གར་རྣམ་གྲངས་གཉིས་ལ་ཝུན་ཧྭ་རྟགས་མའི་བྱ་དགའ་ཐོབ་པ།
  • དོ་སྣང་ཆེ་བའི་རྩོམ།