ཏེ་ལི་ཧའི་འབྲོག་དམངས་རྣམས་ཀྱིས་འཚོ་བ་གསར་པར་རོལ་ཐུབ་པ་བྱུང་།

མིག་དམར་གྱིས་བསྒྱུར།        2013-10-30

མཚོ་སྔོན་ཞིང་ཆེན་ཏེ་ལི་ཧ་གྲོང་ཁྱེར་གྱི་མུའུ་ཁང་གཞིས་ཁུལ་ནི་སོག་རིགས་སྡེ་ཁུལ་ཞིག་ཡིན། དེ་གའི་སྡོད་དམངས་རྣམས་ཏེ་ལི་ཧ་གྲོང་ཁྱེར་ཞུས་ཅི་ཤང་ནས་ཡོང་མཁན་རེད། སྔོན་མ་ཚང་མ་འབྲོག་ཐོག་ཏུ་ཡོད་ཅིང་རྩྭ་ཆུ་ལ་བརྟེན་ནས་འཚོ་བ་རོལ་བ་རེད། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་གཅིག་གྱུར་འཆར་འགོད་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་གཅིག་འགྱུར་ཅན་དུ་སྐྲུན་པར་སྐུལ་འདེད་ཇེ་མགྱོ གས་བཏང་སྟེ་ཞུས་ཅི་ཤང་གི་དུད་ཚང430ལ་མི་འབོར་ཁྱོན་བསྡོམས1307ཡོད་ཚད་དེ2012ལོའི་ལོ་མཇུག་ཏུ་ཏེ་ལི་ཧ་གྲོང་ཁྱེར་གྱི་མུའུ་ཁང་གཞིས་ཁུལ་དུ་སྤོས་པས་ཁོ་ཚོའི་འཚོ་བར་འགྱུར་བ་ཆེན་པོ་བྱུང་། སོག་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་ཁང་པ་གྲལ་ལྟར་བསྒྲིགས་ཤིང་དུད་ཚང་ཡོངས་ཀྱི་ཆུ་དང་གློག་སོགས་ཆ་ཚང་ལ། གཞིས་ཁུལ་དུ་གཞན་པའི་རྨང་གཞི་སྒྲིག་ཆས་ཀྱང་འཐུས་སྒོ་ཚང་བ་འདུག རྩ་བའི་ཐོག་ནས་ནད་ལ་ལྟ་དཀའ་བ་དང་སློབ་གྲྭར་འགྲོ་དཀའ་བ་སོགས་དོན་དངོས་རང་བཞིན་གྱི་གནད་དོན་ཐག་བཅད་པ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། 2009ལོའི་ལོ་མཇུག་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་མཚོ་སྔོན་ཞིང་ཆེན་དུ་ཐོག་མར་གཅིག་འགྱུར་འཆར་འགོད་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་གཅིག་འགྱུར་ཅན་དུ་འཕེལ་རྒྱས་གཏོང་བའི་དཔེ་སྟོན་ཁུལ་སྐྲུན་པར་ལག་བསྟར་བྱས་ཤིང་། ལོ3ལ་འཛུགས་སྐྲུན་བྱས་པར་བརྒྱུད། མིག་སྔར་མཚོ་ནུབ་སོགས་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་བརྒྱ་ཆ71ལ་ཟིན་པས་སྔོན་གྱི་ལོ3ལས་བརྒྱ་ཆའི་གྲངས10མཐོ་རུ་ཕྱིན་ཏེ་ནུབ་བྱང་ས་ཁུལ་གྱི་སྔོན་དུ་ཐོན་པ་རེད།
  • ལེ་ཚན་སྔོན་མ།:སློབ་གསོ་པུས་མ་དངུལ་སྒོར་ཁྲི600བཏང་ནས་ཀན་སུའུ་གནོད་སྐྱོན་ཐེབས་ཁུལ་གྱི་སློབ་གྲྭས་དགུན་དུས་བརྒལ་བར་རོག
  • ལེ་ཚན་རྗེས་མ།:ཡུས་ཧྲུའུ་གྲོང་ཁྱེར་ནི་ཀྲུང་གོའི་ཆེས་གསར་བའི་གྲོང་ཁྱེར་དུ་གྱུར་པ།
  • དོ་སྣང་ཆེ་བའི་རྩོམ།