ཟླ་བ10པའི་ཚེས23ཉིན། སྐབས་བཅུ་བཞི་པའི་ཀྲུང་གོ་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་དེ་སི་ཁྲོན་ཁྲེང་ཏུའུ་རུ་ཚོགས་འགོ་བཙུགས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་དངོས་མང་སྟོན་ཚོགས་ཀྱི་འགྲེམས་སྟོན་བྱེད་རྒྱ་སྨི་གྲུ་བཞི་མ་ཁྲི18ཡོད་ཅིང་དེའི་ནང་ནུབ་རྒྱུད་ཀྱི་མཉམ་ལས་ཁང་དང་རྒྱལ་སྤྱིའི་མཉམ་ལས། གློག་རྡུལ་ཆ་འཕྲིན།ལག་རྩལ་རྩེ་གྲ། སྒྲིག་ཆས་བཟོ་སྐྲུན། ཞིང་ལས་ཐོན་ལས་སོགས་ཆེད་ལས་འགྲེམས་སྟོན་ཁང6བཙུགས་ཡོད། རྒྱལ་ཁབ་དང་ས་ཁུལ72དང་མངའ་ཁོངས་ནང་གི་ཞིང་ཆེན་དང་ཆུས། གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་བྱེད་མཁན་དཔུང་ཚོགས་ཀྱི་ཁེ་ལས4000ལྷག་འགྲེམས་སྟོན་ལ་ཞུགས་པར་ནང་འགུགས་བྱས་ཡོད།