སྐབས་གསུམ་པའི་ཀླུ་ནང་ལ་བསྐོར་བའི་ལྕགས་རྟའི་འགྲན་རྒྱུག་བསྡུ་ལ་ཉེ་བ།
བདེ་ཆེན་མཚོ། མཚོ་སྔོན་པོ་དྲ་བ 2013-10-18
རྒྱུས་ལོན་པ་ལྟར་ན་བོད་ལྗོངས་ཉིང་ཁྲིའི་ཀླུ་ནང་ལ་བསྐོར་བའི་ལྕགས་རྟའི་འགྲན་རྒྱུག་དེ་ཟླ10པའི་ཚེས20ཉིན་བསྡུ་རྒྱུ་ཡིན་ཞིང་། ཐེངས་འདིའི་འགྲན་སྡུར་ཁྲོད་བྱ་དགའ་ཆེས་མཐོ་བ་སྒོར་ཁྲི3དང་། ཨང་གཉིས་པར་བྱ་དགའ་སྒོར་ཁྲི1། ཨང་གསུམ་པར་བྱ་དགའ་སྒོར5000བཅས་ཡིན་པ་རེད།
ཀླུ་ནང་ལ་བསྐོར་བའི་ལྕགས་རྟའི་འགྲན་རྒྱུག་གི་སྒྲིག་ལམ་ནི་སྤྱི་ལེ34ཡི་མྱུར་རྒྱུག་འགྲན་སྡུར་ཡིན་པ་དང་། མི20ཚོགས་ཁག་གཅིག་དང་བསྡོམས་པས་ཚོགས་ཁག5རུ་བགོས་ནས་རིམ་པ་ལྟར་འགྲན་སྡུར་བྱ་དགོས་ལ། འགྲན་སྡུར་གྱི་སྤྱིའི་དུས་ཡུན་ནི་དུས་ཚོད2དང་སྐར་མ30ཡིན་པ་རེད།